9728
Jump to navigation
Jump to search
རྗེ་ཙོང་ཁ་པ་ཆེན་པོའི་འགྲན་ཟླ་དང་བྲལ་བའི་བླ་མ་བཞི | |
Tibetan Definition | སྤྱིར་རྗེ་བླ་མས་བཀའ་དྲིན་ཆེ་ཤོས་སུ་འཛིན་པར་མཛད་པའི་བླ་མ་བཅུ་བཞི་ཡོད་ལ། དེའི་ནང་ནས་ཀྱང་འགྲན་ཟླ་དང་བྲལ་བའི་བླ་མ་བཞི་ནི། ཆོས་རྗེ་དོན་གྲུབ་རིན་ཆེན་དང༌། རྗེ་བཙུན་རེད་མདའ་པ། གྲུབ་ཆེན་དཔའ་བོ་རྡོ་རྗེ། ལས་ཀྱི་རྡོ་རྗེ་དང་བཞི་ནི་འགྲན་ཟླ་དང་བྲལ་བའི་བླ་མ་ཡིན་པར་གསུངས། རྗེའི་རྣམ་ཐར་ཆེན་མོར་གཞི་བྱས། |
---|