From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་གསུང་འབུམ་དཀར་ཆག
|
Tibetan Definition
|
༼ ཀ་པར ༽ རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས་ལ་ཤོག་གྲངས་བདུན་ཅུ་དོན་གཉིས། རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་འདུས་ལ་བཅུ་གཉིས། གསང་བའི་རྣམ་ཐར་རིན་ཆེན་སྙེ་མ་ལ་བཅོ་བརྒྱད། གསང་བའི་རྣམ་ཐར་གསོལ་འདེབས་ལ་ལྔ། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་མཇལ་ཚུལ་ལ་ལྔ། ཚེམས་ཀྱི་ལོ་རྒྱུས་བཅས། མཁས་གྲུབ་རྗེ་ལ་ཆིག་བརྒྱུད་དུ་གནང་བའི་བླ་མའི་རྣལ་འབྱོར་ལ་བཞི། རྗེ་བ་སོ་བ་ལ་ཆིག་བརྒྱུད་དུ་གནང་བའི་བླ་མའི་རྣལ་འབྱོར་ལ་གསུམ། གསན་ཡིག་དུམ་བུ་ལ་སོ་གཅིག ལྷོ་བྲག་གྲུབ་ཆེན་དང་ཞུས་ལན་སྨན་མཆོག་བདུད་རྩིའི་འཕྲེང་བ་ལ་བཅུ་གསུམ། བཤེས་གཉེན་བསྟེན་ཚུལ་བླ་མ་ལྔ་བཅུ་པའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང་ལ་ཉེར་དགུ། གསང་སྔགས་ཀྱི་ཚུལ་ཁྲིམས་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལ་བདུན་ཅུ་དོན་ལྔ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྲུང་ཚུལ་བྱང་སའི་ཚུལ་ཁྲིམས་ཀྱི་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ་ལ་བརྒྱ་དང་དགུ། འདུལ་བའི་བསླབ་བྱ་ཆེན་མོ་རྗེ་ཡི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་ཟིན་བྲིས་མཛད་པ་གནམ་རྩེ་ལྡིང་མར་གྲགས་པ་ལ་བརྒྱད་ཅུ་གྱ་བཞི། དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡིང་མ་ལ་བརྒྱད། ཁྱོན་གྲངས་བཞི་བརྒྱ་དང་དྲུག་ཅུ་རེ་བརྒྱད་བཞུགས་སོ། །འདི་ཡི་པོད་ཐམས་ཅད་ཀྱི་ལུང་ཡོད་པར་བཤད། ༼ ཁ་པ ༽ འདུལ་བ་མདོ་རྩ་བའི་ཟིན་བྲིས་རྗེ་ཉིད་ཀྱིས་མཛད་པ་ལ་བརྒྱ་དང་དྲུག གསུང་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་དྲིལ་བ་ལ་སུམ་བརྒྱ་ཉེར་དགུ། རྡོ་རྗེ་རྩེ་མོའི་ཟིན་བྲིས་ལ་བཅུ་དགུ། འདི་ཡི་ལུང་མེད་པར་བཤད། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་འཕོ་བ་བཀའ་བསྒོ་བཅས་ལ་ལྔ། འདི་ཡི་ལུང་མེད། སྒྲ་མི་སྙན་པའི་ཚེ་སྒྲུབ་ལ་ལྔ། སྡོམ་པ་གོང་མ་གཉིས་ཀྱི་ཕྱིས་བཅོས་རྗེ་ཡི་ཕྱག་ལེན་བཞིན་བཀོད་པ་ལ་བདུན། འདི་ཡི་ལུང་མེད། གཏོར་མ་བརྒྱ་རྩའི་རིམ་པ་རྗེ་ཡི་ཕྱག་ལེན་བཞིན་བཀོད་པ་ལ་བཅུ། འདི་ཡི་ལུང་མེད། ཁྱོན་བརྒྱ་དང་གྱ་གཅིག ༼ ག་པ ༽ སྔགས་རིམ་ཆེན་མོ་ལ་ལྔ་བརྒྱ་དང་བཅུ་གཉིས། ༼ ང་པར ༽སྒྲོན་གསལ་མཆན་བུ་འགྲེལ་པ་བཞི་སྦྲགས་སུ་གྲགས་པ་ལ་ལྔ་བརྒྱ་དང་ཉི་ཤུ་རྩ་གཅིག ༼ ཅ་པར ༽སྒྲོན་གསལ་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན་ལ་སུམ་ཅུ་སོ་གཉིས། སྒྲོན་གསལ་གྱི་དཀའ་གནད་གསལ་བར་བྱེད་པ་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ལ་བརྒྱ་དང་ཞེ་གསུམ། འདུས་པའི་བཤད་རྒྱུད་ལྷ་མོ་བཞི་ཞུས་ཀྱི་རྒྱ་ཆེར་བཤད་པ་སྲོག་རྩོལ་གྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ལ་ལྔ་བཅུ། འདུས་པའི་བཤད་རྒྱུད་ཀུན་ལས་བཏུས་པའི་ཊཱི་ཀ་ལ་དྲུག་ཅུ་རེ་དགུ། འདུས་པའི་དཀྱིལ་ཆོག་དབང་དོན་དེ་ཉིད་རབ་གསལ་ལ་བདུན་ཅུ་དོན་དྲུག རྗེའི་གསུང་བཞིན་འདུས་པའི་བསྐྱེད་རིམ་འབའ་སེར་དཀའ་བཅུའི་ཟིན་བྲིས་ལ་བཞི་བཅུ་ཐམ་པ། འདི་ཡི་ལུང་མེད། གསང་འདུས་དཀའ་གནད་ཟིན་བྲིས་ལ་ཉེར་ལྔ། ཁྱོན་བཞི་བརྒྱ་དང་སུམ་ཅུ་སོ་ལྔ། <ཆ་པར> འདུས་པའི་བསྐྱེད་རིམ་རྣམ་གཞག་རིམ་པའི་རྣམ་བཤད་གནད་དོན་གསལ་བ་ལ་དགུ་བཅུ་ཐམ་པ། བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས་ལ་དྲུག རྡོ་རྗེ་བཟླས་པའི་ཟིན་བྲིས་ལ་གོ་བརྒྱད། དགོངས་པ་བླ་ན་མེད་པའི་ཟིན་བྲིས་ལ་སུམ་ཅུ་སོ་གཅིག མན་ངག་མཐར་ཐུག་བདག་བྱིན་རླབས་ལ་བཅུ་གཅིག མན་ངག་མཐར་ཐུག་མངོན་པར་བྱང་ཆུབ་པའི་རིམ་པའི་རྣམ་བཤད་ལ་བཅོ་ལྔ། རིམ་ལྔ་བསྡུས་པའི་ཟིན་བྲིས་ལ་ཉེར་དྲུག གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བཞི་རིམ་ལ་བཅོ་ལྔ། འདུས་པའི་དཀའ་གནད་ཟིན་བྲིས་ལ་གཉིས། རྒྱལ་བའི་བྱིན་གྱིས་མཛད་པའི་གསང་འདུས་ལེའུ་དང་པོའི་ཟིན་བྲིས་ལ་བརྒྱད། ཁྲོ་བོ་བཅུའི་ཟིན་བྲིས་ལ་བཞི། ལྷག་པ་ཡི་ནི་ལྷ་གཅིག་གིས་བཤད་པ་ལ་གཉིས། འདུལ་བ་འཛིན་པའི་གསང་འདུས་དཀྱིལ་ཆོག་ངག་འདོན་རིམ་པའི་ལྷན་ཐབས་ལ་བཅོ་བརྒྱད། ཁྱོན་སུམ་བརྒྱ་དང་སུམ་ཅུ་སོ་གཅིག འདི་ཡི་པོད་ཐམས་ཅད་ཀྱི་ལུང་རྒྱུན་ཡོད། <ཇ་པར> གསང་འདུས་རྫོགས་རིམ་རིམ་ལྔ་གསལ་སྒྲོན་ལ་སུམ་བརྒྱ་དང་ཞེ་བཞི། འདུས་པའི་བདག་བསྐྱེད་ཆོ་ག་རྣལ་འབྱོར་དག་རིམ་ལ་སུམ་ཅུ་སོ་གཉིས། བསམ་གཏན་ཕྱི་མ་སོགས་གྲུབ་ཆེན་བརྒྱད་ཀྱི་བཞུགས་ཚུལ་བཅས་ལ་གསུམ། གསང་འདུས་བསྐྱེད་རིམ་རྗེ་ཡི་གསུང་བཞིན་ཟིན་བྲིས་བློ་གསལ་བུང་བའི་རེ་སྐོང་ལ་ཉེར་དགུ། འདི་ཡི་ལུང་མེད། བཞི་བརྒྱ་ལྔ་བཅུའི་སྐོར་གྱི་ཟིན་བྲིས་ལ་དྲུག འདི་ཡི་ལུང་མེད། རྡོ་རྗེ་འཕྲེང་བ་ནས་གསུངས་པའི་དྲང་ངེས་ཀྱི་སྔགས་བཏུ་ཞིང་བྱིན་གྱིས་བརླབས་པའི་ཆོ་ག་ནམ་མཁའ་དཔལ་བའི་ཟིན་བྲིས་ལ་བཅུ་གསུམ། འདི་ཡི་ལུང་མེད། ཁྱོན་བཞི་བརྒྱ་དང་ཉེར་དྲུག <ཉ་པར> རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་ཚུལ་ལ་ཉེར་དགུ། ཞལ་ཤེས་གནད་ཀྱི་ཐིམ་ཡིག་ལ་ཉེར་ལྔ། འདི་ཡི་ལུང་མེད། གསང་འདུས་རྡོར་སེམས་མཉེས་པར་བྱེད་པའི་ངག་འདོན་གྱི་རིམ་པ་ལ་བཅུ་གཉིས། འདི་ཡི་ལུང་མེད། གསང་འདུས་འཇམ་རྡོར་སྒྲུབ་ཐབས་འཇམ་དབྱངས་དགོངས་གསལ་ལ་ཉེར་གཉིས། ཆོ་ག་ཉི་ཤུའི་ཁུངས་འགོད་པ་ལ་བརྒྱད། རྗེ་ཡི་ཞལ་གདམས་རིམ་གཉིས་སྒོམ་ཚུལ་སྠ་བི་ར་པ་བྷུ་བྷ་དྲའི་ཟིན་བྲིས་ལ་བཅོ་ལྔ། འདི་ཡི་ལུང་མེད། དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ལ་དྲུག་ཅུ་རེ་དྲུག གསང་འདུས་ཀྱི་སྒོ་ནས་རབ་གནས་བྱ་ཚུལ་ལ་སུམ་ཅུ་སོ་དགུ། འདི་ཡི་ལུང་མེད། དཔལ་འཁོར་བདེ་མཆོག་གི་རྩ་རྒྱུད་རྒྱ་ཆེར་བཤད་པ་སྦས་དོན་ཀུན་གསལ་ལ་ཉིས་བརྒྱ་དང་གཅིག ཁྱོན་བཞི་བརྒྱ་དང་ལྔ་བཅུ་ང་བདུན། <ཏ་པར> ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་ལ་དྲུག་ཅུ་རེ་གཉིས། ནཱ་རོ་ཆོས་དྲུག་གི་དམིགས་སྐོར་བསྡུས་པ་རྗེ་ཡི་གསུང་བཞིན་སེམས་དཔའ་ཀུན་བཟང་གིས་བཀོད་པ་ལ་ཉེར་གཉིས། འདི་ཡི་ལུང་མེད། བདེ་མཆོག་ལཱུ་ཧི་པ་མངོན་རྟོགས་ངག་འདོན་ངག་འདོན་གྱི་རིམ་པ་ཡོངས་གྲགས་ལྟར་མ་ཡིན་པ་ལ་བཅོ་ལྔ། དཔལ་འཁོར་ལོ་སྡོམ་པའི་མངོན་རྟོགས་རྒྱ་ཆེར་བཤད་པ་འདོད་འཇོ་ལ་བརྒྱ་དང་དགུ་བཅུ་གོ་ལྔ། དཔལ་བདེ་མཆོག་གི་མངོན་པར་རྟོགས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཟུར་དུ་ཕྱུང་བ་ལ་བདུན། འདི་ཡི་ལུང་མེད། མཁའ་འགྲོ་རྒྱ་མཚོའི་སྐོར་གྱི་ཟིན་བྲིས་ལ་བཅུ་གཅིག གྲུབ་ཆེན་ལཱུ་ཧི་པའི་ལུགས་ཀྱི་བདེ་མཆོག་སྒྲུབ་ཐབས་བདེ་ཆེན་གསལ་བ་ལ་སུམ་ཅུ་སོ་བརྒྱད། དྲིལ་བུའི་ལུས་དཀྱིལ་གྱི་སྒྲུབ་ཐབས་ལྷན་ཐབས་ལ་བཅུ་གཉིས། ཁྱོན་སུམ་བརྒྱ་དང་དྲུག་ཅུ་རེ་བརྒྱད། <ཐ་པར> གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་མངོན་རྟོགས་དགོངས་པ་རབ་གསལ་ལ་ཉེར་བདུན། དྲིལ་བུ་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་དབང་ཆོག་རིན་ཆེན་བང་མཛོད་ལ་ཉེར་བདུན། བདེ་མཆོག་དྲིལ་བུ་པའི་རིམ་ལྔའི་རྣམ་བཤད་སྦས་དོན་ལྟ་བའི་མིག་འབྱེད་ལ་སུམ་ཅུ་སོ་བརྒྱད། དྲིལ་བུ་ལུགས་ཀྱི་རྫོགས་རིམ་རིམ་ལྔའི་ཁྲིད་རྗེ་ཡི་ཞལ་ཤེས་བཞིན་སེམས་དཔའ་ཀུན་བཟང་གིས་བཀོད་པ་ལ་བཅུ་གསུམ། མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་ལ་གསུམ། རྡོ་རྗེ་མཁའ་འགྲོའི་ཟིན་བྲིས་ལ་གསུམ། རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པའི་ཟིན་བྲིས། ཚེས་བཅུའི་མཆོད་པའི་ཆོ་ག་དཱ་རི་ཀ་པས་མཛད་པའི་ཟིན་བྲིས་ལ་གསུམ། མན་ངག་སྙེ་མའི་ཟིན་བྲིས་ལ་ཉེར་གསུམ། ངན་སོང་སྦྱོང་རྒྱུད་མཆན་དང་བཅས་པ་ལ་དགུ་བཅུ་གོ་གསུམ། འདི་ཡི་ལུང་མེད། ཀུན་རིག་ཆོ་གའི་ཟིན་བྲིས་ལ་བཞི། འདི་ཡི་ལུང་མེད། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཟ་མ་ཏོག་བཀོད་པ་ལ་བཅུ་དགུ། རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་ལ་བཅོ་བརྒྱད། གཤིན་རྗེ་དགྲ་ནག་སྒྲུབ་ཐབས་རིན་ཆེན་འབར་བ་ལ་བཅོ་བརྒྱད། བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་རིན་ཆེན་འཕྲེང་བ་ལ་ལྔ་བཅུ་ང་གཉིས། ཁྱོན་སུམ་བརྒྱ་དང་བཞི་བཅུའོ། ། <ད་པར> ཞེ་དགུ་མའི་ཟིན་བྲིས་ལ་ལྔ། འདི་ལ་ལུང་མེད། འཇམ་དཔལ་ཞི་དྲག་གི་སྲུང་བ་ལ་གསུམ། འཇིགས་བྱེད་ཕྱག་མཚན་སོགས་ཀྱི་བཤད་པའི་ཟིན་བྲིས་ལ་བཅུ། འདི་ལ་ལུང་མེད། འཇིགས་བྱེད་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལ་སུམ་ཅུ་སོ་གཅིག དུས་ཀྱི་འཁོར་ལོའི་ནང་ལེའུ་རྣམ་གཞག་མཁས་གྲུབ་རྗེས་ཟིན་བྲིས་མཛད་པ་འཕྲོ་ཅན་ལ་དྲུག་ཅུ་རེ་བདུན། ཨ་ཙ་ལ་གྷརྦྷས་དོན་ཚན་བདུན་དུ་བྱེད་པ་ལ་གསུམ། ཀྱཻ་རྡོ་རྗེའི་རྒྱུད་བརྟག་པ་གཉིས་པའི་ཟིན་བྲིས་ལ་བརྒྱད་ཅུ་གྱ་དྲུག སྦྱོར་དྲུག་རྡོ་རྗེའི་ཚིགས་བཅད། དེའི་བཤད་པ། དུས་འཁོར་གྱི་ཟིན་བྲིས། དུས་འཁོར་མངོན་རྟོགས། དབང་གི་ཟིན་བྲིས། སྦྱོར་དྲུག་ཉེར་མཁོའི་ཟིན་བྲིས། འཆི་ཞག་དང་ཚེ་ལྷག་ཇི་ཡོད་དཔྱད་པ་རྣམས་ལ་ཉི་ཤུ་རྩ་བཞི། སྦྱོར་དྲུག་རྫོགས་རིམ་གྱི་གནད་བསྡུས་པ་རྗེ་ཡི་གསུང་བཞིན་རྒྱལ་སྟེང་པས་མཛད་པ་ལ་ཉེར་བཞི། འདིའི་ལུང་མེད། མཁས་པ་གཞོན་ནུ་བློ་ལྡན་གྱི་གཟུགས་ཀྱི་ཆུང་མཐའ་དུས་ཀྱི་ཐུང་མཐའ་ལས་བརྩམས་པའི་དྲིས་ལན་ལ་གསུམ། འདིའི་ལུང་མེད། དཔལ་མཆོག་གི་ཟིན་བྲིས་ལ་ཉི་ཤུ། ཀྱཻ་རྡོར་གྱི་ཟིན་བྲིས་དང་ཡང་རྒྱུད་དེའི་ཟིན་བྲིས་ལ་བདུན། རྗེ་བཙུན་བདག་མེད་མའི་དཀྱིལ་འཁོར་སྒྲུབ་ཐབས་ཟིན་བྲིས་ལ་ལྔ། སངས་རྒྱས་ཐོད་པའི་འཇིགས་མེད་གཞུང་འགྲེལ་ཟིན་བྲིས་ལ་དགུ། རྒྱུད་བརྟག་པ་བརྒྱད་པའི་རབ་བྱེད་གསུམ་པ་ལ་བཞི། དེ་ཡི་འགྲེལ་པ་འཕོ་ཁྲིད་གསེར་གྱི་སྒོ་འབྱེད་ལ་སུམ་ཅུ། ཕྱག་རྡོར་འཁོར་ཆེན་མངོན་རྟོགས་རྗེ་ཡི་གསུང་བཞིན་བཀོད་པ་ལ་བཅུ་གཅིག སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འབེབ་ལ་བཞི། སྤྲིན་བྲལ་མན་ངག་དང༌། རྟ་མགྲིན་ཤྭ་ན་བཞིའི་སྐོར་ལ་བཞི། འདིའི་ལུང་མེད། རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་ལ་གཉིས། དབྱངས་ཅན་མ་དང་སྨེ་བརྩེགས་སྒྲུབ་ཐབས་ལ་གསུམ། སངས་རྒྱས་སོ་ལྔའི་སྐུ་མདོག་ཕྱག་མཚན་ལ་བརྟེན་པ་གནས་བརྟན་བཟང་སྐྱོང་གིས་བཀོད་པ་ལྷའི་སྐུའི་ཕྱག་ཚད་གཟུགས་བརྙན་བལྟ་བའི་མེ་ལོང་ལ་ཉེར་དགུ། འདིའི་ལུང་མེད། རྣལ་འབྱོར་རྒྱུད་དེ་ཉིད་བསྡུས་པའི་ཟིན་བྲིས་ལ་གསུམ། རྡོར་དབྱིངས་ཀྱི་ཆོ་གའི་ཟིན་བྲིས་ལ་བཞི། འཁོར་ལོ་བསྒྱུར་རྒྱལ་གྱི་བསྙེན་པའི་རིམ་པ་ལ་བཅུ་བཞི། འདིའི་ལུང་མེད། ཁྱོན་བཞི་བརྒྱ་དང་དགུ། <ན་པར> རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་རྗེ་ཙོང་ཁ་པ་ཆེན་པོས་ཕྱག་བྲིས་སུ་མཛད་པ་ལ་བརྒྱད། མཁས་གྲུབ་པས་གསང་འདུས་སྒྲུབ་ཐབས་ཆོ་ག་ལྷན་ཐབས་ལ་བཅུ་བདུན། གསང་འདུས་མངོན་རྟོགས་དང་བསམ་གཏན་སྒྲུབ་མཆོད་ངག་འདོན་ལྷན་ཐབས་ལ་བཅུ་གཉིས། འདིའི་ལུང་མེད། དཀྱིལ་འཁོར་གྱི་གར་འཕྲེང་བའི་དགོངས་པ་ལྟར་རྗེ་ཡི་ཞལ་སྔ་ནས་གསུངས་པ་བཞིན་འདུལ་འཛིན་དཀའ་བཞི་པ་གྲགས་པ་རྒྱལ་མཚན་གྱིས་བཀོད་པ་ལ་བརྒྱད། འདིའི་ལུང་མེད། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་དཀའ་གནད་རྣམ་པར་འབྱེད་པའི་བརྗེད་བྱང་གི་ཡི་གེ་མཁས་གྲུབ་ཆོས་རྗེས་གསུང་བཞིན་བཀོད་པ་ལ་བརྒྱ་དང་བཅུ། བདེ་མཆོག་གི་ཕྱི་རོལ་མཆོད་པ་ལག་མཆོད་དང༌། དཔྱིད་ཀྱི་རྒྱལ་མོའི་གླུ་དང་བཅས་པ་ལ་བཅོ་ལྔ། འཇིགས་བྱེད་དག་སྦྱོར་ལ་བཞི། རྗེ་ཡི་གསུང་བཞིན་སྒྲུབ་ཐབས་ཀུན་བཟང་གི་ཚིག་དོན་ཅུང་ཟད་བཤད་པ་རྒྱལ་ཚབ་རིན་པོ་ཆེས་བརྗེད་བྱང་དུ་བཀོད་པ་ལ་སོ་བདུན། འདིའི་ལུང་མེད། ཀུན་རིག་ཆོ་ག་ངན་སོང་ཡོངས་སུ་སྦྱོང་བ་རྒྱུད་དོན་གསལ་བ་ལ་དྲུག་ཅུ་རེ་དགུ། བྱ་སྤྱོད་སྤྱི་ཡི་ཆོ་ག་རྣམ་པར་གཞག་པ་རིགས་གསུམ་སྦྱོར་ཚུལ་ལ་རྗེ་ཡི་གསུང་བཞིན་འདུལ་འཛིན་པས་བཀོད་པ་ལ་སུམ་ཅུ་ཐམ་པ། འཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་ལ་གསུམ། ཁྱོན་ཉིས་བརྒྱ་དང་བཞི། <པ་པར> བྱང་ཆུབ་ལམ་རིམ་ཆེན་མོ། <ཕ་པར> ལམ་རིམ་ཆུང་བར་ཉིས་བརྒྱ་དང་བཅུ་དགུ། ཞི་ལྷག་གཉིས་ཀྱི་དཀའ་གནད་ལ་ལྔ། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོ་ལ་བརྒྱ་དང་བཅུ་དགུ། རྗེ་བཙུན་འཇམ་དབྱངས་ཀྱིས་རྗེ་ལ་ལྟ་བའི་གནད་འགག་མདོར་བསྡུས་ནས་གནང་བའི་གདམས་པ་རྗེ་རེད་མདའ་བ་ལ་ཤོག་དྲིལ་དུ་ཕུལ་བ་ལ་དྲུག རྗེ་ཙོང་ཁ་པ་ཆེན་པོས་བསླབ་བཏུས་རྒྱས་པར་གསུངས་དུས་བསྡུས་དོན་འཇམ་དབྱངས་ཆོས་རྗེས་ཟིན་བྲིས་སུ་མཛད་པ་ལ་ཉི་ཤུ། འདིའི་ལུང་མེད། རྒྱལ་ཚབ་པས་རྗེ་ཡི་དྲུང་དུ་སྤྱོད་འཇུག་ཤེར་ལེའི་ཟིན་བྲིས་ལ་ལྔ་བཅུ་ཐམ་པ། ཚད་མའི་བརྗེད་བྱང་ཆེན་མོ་ལ་བཞི་བཅུ་ཞེ་བདུན། ཁྱོན་བཞི་བརྒྱ་དང་གྱ་གཅིག <བ་པར> དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་རིགས་པའི་རྒྱ་མཚོ་ལ་ཉིས་བརྒྱ་དང་གྱ་གསུམ། དཀའ་གནད་བརྒྱད་ཀྱི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ་ལ་བཅོ་བརྒྱད། འདིའི་ལུང་མེད། རིགས་པ་དྲུག་ཅུ་པའི་ཟིན་བྲིས་རྗེ་ཡི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ་ལ་བཅུ་གསུམ། ཚད་མ་མངོན་སུམ་ལེའུའི་བརྗེད་བྱང་ཆེན་མོ་རྒྱལ་ཚབ་ཆོས་རྗེས་བཀོད་པ་ལ་ལྔ་བཅུ་ང་ལྔ། འདིའི་ལུང་མེད། དབུ་མའི་ལྟ་ཁྲིད་ལ་ཉེར་དྲུག འདིའི་ལུང་མེད། སྙན་ངག་སྒྲ་རྒྱན་ལ་གསུམ། འདི་ལ་ལུང་མེད། རྗེ་ཉིད་ཀྱིས་ཕྱག་བྲིས་སུ་མཛད་པའི་དབུ་མ་རྒྱན་གྱི་བརྗེད་བྱང་ལ་བཅུ་བདུན། ཁྱོན་བཞི་བརྒྱ་དང་བཞི་བཅུ་ཞེ་ལྔ། <མ་པར> དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ལ་ཉིས་བརྒྱ་དང་གྱ་བརྒྱད། འདི་ལ་འཇུག་པའི་ཊཱིཀ་ཆེན་ཡང་ཟེར རྗེ་ཡི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པའི་དབུ་མ་རྒྱན་གྱི་བརྗེད་བྱང་ལ་བཅུ་གཉིས། ཚད་མ་མངོན་སུམ་ལེའུའི་ཊཱི་ཀ་རྗེ་ཡི་གསུང་བཞིན་བཀོད་པ་ལ་བརྒྱ་དང་གཉིས། སྤྱོད་འཇུག་ཤེས་རབ་ལེའུའི་ཟིན་བྲིས་ལ་སུམ་ཅུ་སོ་བདུན། ཁྱོན་བཞི་བརྒྱ་དང་སུམ་ཅུ་སོ་དགུ། <ཙ་པར> ཕར་ཕྱིན་ལེགས་བཤད་གསེར་གྱི་འཕྲེང་བ་སྐབས་གསུམ་པ་ཡན་ལ་བཞི་བརྒྱ་དང་ཉེར་གཅིག <ཚ་པར> ཕར་ཕྱིན་ལེགས་བཤད་གསེར་འཕྲེང་སྨད་ཆ་སྐབས་བཞི་པ་མན་ལ་ཉིས་བརྒྱ་དང་གྱ་བརྒྱད། དགེ་འདུན་ཉི་ཤུ་བློ་གསལ་བགྲོད་པའི་ཐེམ་སྐས་ལ་བཞི་བཅུ་ཞེ་བདུན། ཡིད་དང་ཀུན་གཞིའི་དཀའ་འགྲེལ་རྒྱ་ཆེར་བཤད་པ་ལེགས་བཤད་རྒྱ་མཚོ་ལ་དྲུག་ཅུ་ཐམ་པ། འདུལ་བ་གཞི་ནས་བྱུང་བའི་བསླབ་བྱའི་ཟིན་བྲིས་ལ་བཅུ་ཐམ་པ། སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལ་ཉེར་ལྔ། འདིའི་ལུང་མེད། བསམ་གཟུགས་བྲིས་ལ་བཅུ་གཅིག ཐལ་འགྱུར་བའི་ལུགས་ཀྱི་དབུ་མའི་ལྟ་ཁྲིད་མཁས་གྲུབ་ཆོས་རྗེས་རྗེ་ཡི་གསུང་བཞིན་ཟིན་བྲིས་སུ་མཛད་པ་ལ་བརྒྱད། དབུ་མའི་ལྟ་ཁྲིད་བསྡུས་པ་ལ་བདུན། དགེ་འདུན་ཉི་ཤུའི་ཟིན་བྲིས་ལ་བརྒྱད། ཁྱོན་བཞི་བརྒྱ་དང་དྲུག་ཅུ་རེ་གསུམ། རྗེ་ཡི་གསུང་འབུམ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་སྤར་མ་གླེགས་བམ་བཅོ་བརྒྱད་རྫོགས་སོ། །བཀྲ་ཤིས་ལྷུན་པོའི་སྤར་མའི་རྗེ་ཙོང་ཁ་པའི་གསུང་འབུམ་བཀའ་རྒྱ་མ་ནི། རྗེ་ཙོང་ཁ་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བའི་གཏམ། གསང་འདུས་ཡིག་ཆུང་ཉེར་གཅིག བདེ་མཆོག་ལཱུ་ཧི་པའི་རྫོགས་རིམ་རྣམ་བཤད་དངོས་སྒྲུབ་སྙེ་མ། བདེ་མཆོག་ལཱུ་ཧི་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོ། བདེ་མཆོག་རྫོགས་རིམ་དཔྱིད་ཐིག་གི་ཟིན་བྲིས། ཡང་བདེ་མཆོག་ཟིན་བྲིས། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པ། འཇམ་དཔལ་གསང་ལྡན་གྱི་དཔྱད་པ་ཡོངས་སུ་རྫོགས་པའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ། བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་ཚུལ་ཤིན་ཏུ་ཟབ་པ། འཇིགས་བྱེད་སེར་པོ་ལ་བརྟེན་པའི་མན་ངག་ཤིན་ཏུ་ཟབ་པ། ཡི་གེ་བཞི་པའི་སྲུང་བའི་མན་ངག རྩ་གསུམ་དང་གཤིན་རྗེ་སྦྱོར་ཚུལ། དུས་འཁོར་སྦྱོར་བ་ཡན་ལག་གི་ཟབ་ཁྲིད་དམིགས་རིམ་ལག་རྗེས། གསང་འདུས་མན་ངག་ཡིག་ཆུང་སྐོར། དུས་འཁོར་འཕོ་བ་ཡན་ལག་དྲུག་གི་ཟིན་བྲིས་པུཎྜི་ཤྲིས་མཛད་པ། བདེ་མཆོག་རྫོགས་རིམ་དཔྱིད་ཐིག དུས་འཁོར་སྒྲུབ་ལེའི་ཕྱག་རྒྱ་བཞི་ཞིབ་ཏུ་གསུངས་པ་རྒྱལ་ཚབ་རྗེས་ཟིན་བྲིས་སུ་མཛད་པ་རྣམས་སོ། །བཀྲ་ཤིས་ལྷུན་པོའི་སྤར་མར་གསུང་འབུམ་བཀའ་རྒྱ་མ་གཅིག་ལོགས་སུ་བཞག་ཀྱང༌། འབྲས་སྤུངས་སྤར་མར་རྒྱལ་དབང་ལྔ་པའི་སྐུ་དུས་སུ་བཀའ་རྒྱས་བསྡམས་པ་མ་མཛད་པར་བཀའ་རྒྱའི་ངེས་པ་མེད་པར་སོང་བའོ། །ཞེས་ ཀློང་རྡོལ་བླ་མ་སོགས་གསུང་ངོ༌། །
|