9733

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་ཐར་ཇི་ཡོད
Tibetan Definition ༡ རྗེ་ཉིད་ཀྱིས་མཛད་པའི་རྟོགས་བརྗོད་འདུན་ལེགས་མ། ༢ མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས། ༣ མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ། (རྗེའི་རྣམ་ཐར་ཐམས་ཅད་ཀྱི་ནང་ནས་མཁས་གྲུབ་ཆོས་རྗེས་མཛད་པའི་རྣམ་ཐར་རྣམས་ཁུངས་བཙུན་ཞིང་རྩ་བ་ཆེ་བ་ཡིན། དེའི་ནང་ནས་ཀྱང་རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་འདི་རྩ་བ་ཆེ་བ་ཡིན་ནོ) ༤ མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྗེའི་རྣམ་ཐར་དཔལ་ལྡན་ས་གསུམ་མ། ༥ འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་མཛད་པའི་རྗེའི་གསང་བའི་རྣམ་ཐར། (འདི་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྗེའི་གསང་བའི་རྣམ་ཐར་ལ་གཞི་བཅོལ་བར་སེམས) ༦ རྟོག་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའ་རྣམ་ཐར་ལེགས་བཤད་ཀུན་འདུས། ༧ གནས་རྙིང་པ་ཀུན་དགའ་བདེ་ལེགས་ཀྱིས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལ་དྲུག་ཅུ་རེ་དྲུག ༨ པཎ་ཆེན་ (གཞན་དུ་རྗེ་བློ་གྲོས་ལེགས་བཟང་ཞེས་ཀྱང་སྣང) བློ་གྲོས་ལེགས་བཟང་གིས་མཛད་པའི་རྗེའི་རྣམ་ཐར་རབ་གསང་རྨད་བྱུང་གཏམ་གྱི་དགའ་སྟོན་ལ་བཅུ་དྲུག ༩ མངའ་རིས་ཞབས་དྲུང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རྗེའི་རྣམ་ཐར་གསེར་གྱི་མཆོད་སྡོང་ལ་བཅོ་ལྔ། (རྗེའི་རྣམ་ཐར་ཆེན་མོར། མངའ་རིས་ཤཱཀ་བཙུན་འཇམ་དབྱངས་ཉི་མ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རྣམ་ཐར་སྐལ་ལྡན་པད་ཚལ་རྒྱས་པའི་འོད་སྟོང་ཞེས་པ་ཞིག་ཀྱང་སྣང་བས་དཔྱད) ༡༠ ནེ་རིངས་པའི་གསེར་གྱི་མཆོད་སྡོང་ཁ་སྐོང་གསེར་གྱི་མྱུ་གུ་ལ་གསུམ། ༡༡ ནེ་རིངས་པས་འཆད་རྩོད་རྩོམ་གསུམ་གྱི་བསྟོད་པ་ལ་བདུན། (ནེ་རིངས་པ་འཆི་མེད་རབ་རྒྱས་ནི། དཔལ་བཀའ་བརྒྱུད་པའི་མཁས་གྲུབ་ཆེན་པོ་རྒྱལ་བ་རྒོད་ཚང་པའི་སློབ་མ་ནེ་རིངས་པའི་དབོན་རྒྱུད་ཡིན་པར། ཐུའུ་བཀྭན་གྲུབ་མཐར་གས) ༡༢ རྗེ་དྲུང་ངག་དབང་ཆོས་རྗེས་མཛད་པའི་རྣམ་ཐར་ངོམཚར་རྨད་དུ་བྱུང་བའི་གཏམ་བརྒྱ་པ་ལ་སུམ་ཅུ་སོ་དྲུག ༡༣ གུང་རུ་རྒྱལ་མཚན་བཟང་པོས་རྗེའི་རྣམ་ཐར་འདུན་ལེགས་མའི་འགྲེལ་པ་ལ་ཞེ་བདུན། ༡༤ རྣམ་ཐར་ཙོང་ཁ་བརྒྱད་ཅུའི་རྩ་འགྲེལ་ལ་སུམ་ཅུ། ༡༥ རྗེའི་རྣམ་ཐར་གསོལ་འདེབས་མི་འགྱུར་མཆོག་ཡངས་མའི་འགྲེལ་པ་ལ་ཉེར་བརྒྱད། ༡༦ རྗེ་འཇམ་དབྱངས་བཞད་པས་མཛད་པའི་རྣམ་ཐར་རས་བྲིས་འབྲི་ཚུལ་ལ་བརྒྱ་ང་གསུམ་པ། ༡༧ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་རྗེའི་རྣམ་ཐར་ལ་བཞི། ༡༨ རྗེ་བློ་བཟང་བསྟན་པའི་མཛད་པའི་རྗེའི་རྣམ་ཐར་ལ་ཞེ་བདུན། ༡༩ རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པའི་རྗེའི་རྣམ་ཐར་ཆེན་མོ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚན་ནོར་བུའི་འཕྲེང་བ་ཞེས་བྱ་བ་རྣམས་སོ། །རྗེ་གུང་ཐང་པའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་༡༠༢ན། ཇོ་གདན་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི་རྗེའི་རྣམ་ཐར་ཞེས་ཀྱང་སྣང་ཞིང་། རྗེའི་རྣམ་ཐར་ཆེན་མོའི་མཇུག་ཏུ་རྗེའི་རྣམ་ཐར་མང་པོ་ཞིག་འཁོད་པ་རྣམས་ལ་གཟིགས།