9737

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་ཡི་མགུར་ལྷ་བཅུ་གསུམ
Tibetan Definition ཆོས་རྒྱལ་མེས་དཔོན་རྣམ་གསུམ་གྱི་རིགས་རྒྱུད་ལ་འགོ་བར་བྱེད་པའི་སྲུང་མ་རྗེ་ཡི་མགུར་ལྷ་བཅུ་གསུམ་དུ་གྲགས་པ་ནི། སྲིད་པ་ཆགས་པའི་ལྷ་ཆེན་དགུ་ཡི་སྟེང་དུ། ཇོ་བོ་མཆིམས་ལྷ། ཇོ་བོ་ངེས་སུམ། ཇོ་བོ་གཡའ་སྤང༌། ཇོ་བོ་ལྷ་བཙས་བཞི་བསྣན་པས་བཅུ་གསུམ་མོ། །སྲིད་པ་ཆགས་པའི་ལྷ་དགུ་ནི། ཡབ་འོ་དེ་གུང་རྒྱལ་དང༌། དེ་ཡི་སྲས་བརྒྱད་ལ་ཟེར་རོ། །སྲས་བརྒྱད་ནི། །ཡར་ལུང་ཡར་ལྷ་ཤམ་པོ། བྱང་གི་གཉན་ཆེན་ཐང་ལྷ། རྒ་སྟོད་ཇོ་བོ་རྒྱོགས་ཆེན། ཤར་གྱི་རྨ་ཆེན་སྤོམ་ར། ཇོ་བོ་གཡུལ་རྒྱལ། ཤེའུ་མཁའ་རི། སྐྱིད་ཤོད་ཞོགས་ལྷ་ཕྱུག་པོའམ་འགའ་ཞིག་གིས་སྨུག་པོ་ཟེར་བ་དང་དགུའོ། །འདི་རྣམས་ནི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས་སྡེ་སྲིད་ཕག་གྲུའི་རིགས་རྒྱུད་ཀྱི་སྲུང་མ་ཡང་ཡིན་པར་བཤད། རྗེ་ཡི་མགུར་ལྷ་ཞེས་པ་ནི། བོད་རྗེ་ཆོས་རྒྱལ་སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། མངའ་བདག་ཁྲི་རལ་ཏེ། ཆོས་རྒྱལ་མེས་དཔོན་རྣམ་གསུམ་གྱི་རིགས་རྒྱུད་ལ་འགོ་བར་བྱེད་པའི་སྲུང་མ་ལ་བརྗོད་དོ། །འགོ་བ་ཞེས་པ་ལུས་དང་གྲིབ་མ་བཞིན་འགྲོགས་ནས་སྲུང་སྐྱོབ་བྱེད་པ་ལ་ཟེར། ཀློང་རྡོལ་བླ་མའི་གསུང་ལ་གཞི་བྱས།