From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྗེའུ་རིགས
|
Tibetan Definition
|
<བཻཤྱཿ> (བཞི་བརྒྱ་པའི་འགྲེལ་པ) སྔར་རྒྱ་གར་གྱི་མི་རིགས་བཞིའི་ཡ་གྱལ་ཏེ། ལེགས་སྦྱར་དུ་ वैश्य བཻཤྱཿཞེས་པ་རྒྱལ་པོའི་བཀའ་བཞིན་བྱེད་པ་ལ་རྗེའུའི་རིགས། (མཆིམས་མཛོད) རྐུ་བ་ལ་སོགས་པ་མི་བྱེད་པ་ལ་རྗེའུའི་རིགས། ཡང་དངུལ་ཆུའི་ཡིག་བསྐུར་རྣམ་གཞག་ལས། མཁོ་དགུའི་ཚོང་ཟོང་འགྲེམས་པའི་རྗེའུའི་རིགས། ཞེས་ཀྱང་གསུངས། ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་ནས། མི་རིགས་བཞི་པོ་དེ་དག་ལས་ཚངས་པ་ལས་བྱུང་བར་བཤད་དེ། དེ་ཡང་ཚངས་པའི་ཁ་ནས་བྲམ་ཟེ། དཔུང་པ་ལས་རྒྱལ་རིགས། བརླ་ལས་རྗེ་རིགས། རྐང་མཐིལ་ལས་དམངས་རིགས་བྱུང་བ་བཅས་སོ། །
|