977

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདོས་བུ
Tibetan Definition (འདུལ་བ) 1 བསམ་གཏན་པ་གཉིད་བྲོ་ན་སློང་བྱེད་ཀྱི་ཤིང་གི་བྱང་བུ་མཐོ་གང་ཙམ་པ་མཐའ་ལ་སྐུད་པ་བཏགས་ནས་རྣ་བ་ལ་དཔྱང་རྒྱུ་ཞིག་ལ་ཟེར། མཚོ་ཊཱིཀ་ལས། ཕྲན་ཚེགས་འགྲེལ་ལས་གདོས་བུ་ནི་བྱང་བུའི་རྣམ་པ་ཅན་དུ་ཤིང་གཞོགས་པ་མཐོ་གང་གི་ཚད་དུ་བྱས་པ་དེ། སྐུད་པས་རྣ་བ་ལ་དཔྱངས་པའམ་མགོའི་སྟེང་དུ་བཞག་ན་རབ་ཏུ་གཉིད་ཡུར་ཏེ་གཡོ་བའི་ཚེ། དེ་ཡན་ལག་གི་ཕྱོགས་ལ་ཕོག་པས་གཉིད་སངས་པའི་ཐབས་ཡིན་ནོ་ཞེས་དང༌། ཞེས་གསུངས། 2 ཤིང་གི་རིལ་བ་ཆུང་ངུ་ཆུས་བཀང་བ་སྐེ་ལ་སྐུད་པ་བཏགས་ནས་རྣ་བ་ལ་དཔྱང་རྒྱུ་ཞིག་ལ་ཟེར། མཚོ་ཊཱིཀ་ལས། གདོས་བུ་འདི་ལ་བཤད་པའི་རྣམ་གྲངས་གཞན་ཡང་དེ་ཉིད་ལས་ཤིང་ལས་བྱས་པའི་རིལ་བ་ཆུང་ངུ་ཆུས་བཀང་བ་སྐེ་ལ་སྐུད་པས་བཏགས་པ་རྣ་བ་ལ་དཔྱངས་པ་གཉིད་ལོག་པས་གཡོས་པ་ན་ཆུ་ཡོངས་སུ་བོ་བ་གདོང་པ་ལ་བབས་པས་གཉིད་སངས་པར་འགྱུར་རོ་ཞེས་ཀྱང་བཤད་དོ། །ཞེས་གསུངས། གཞན་ཡང་། རང་གི་རྣམ་བཤད་ལས་ཤིང་ལ་སོགས་པ་ལས་བྱས་པའི་གདོས་བུ་ཆུ་ཚོད་ཀྱི་སྣོད་འདྲ་བ་ཆུང་ངུ་བྱས་ཏེ། དེའི་ལུང་མིག་ནས་སྐུད་པས་བཏགས་ཏེ། བསམ་གཏན་པ་རྣམས་གཉིད་བྲོ་ན་གདོས་བུ་དེ་རྣ་བ་ལ་བཏགས་ཏེ་དཔྱང་བར་བྱའོ་ཞེས་བཤད་དེ། ཞེས་གསུངས་སོ། །