9772

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་སུ་འབྲེང་བ
Tibetan Definition རྗེས་སུ་འབྲང་བ་དང་དོན་འདྲ། ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་༼ ཏུ ༽༧༦བ༧ལས། རྗེས་སུ་འབྲེང་ཞེས་བྱ་བ་ནི་འགྲོ་བའོ། །ཞེས་གསུངས་པ་ལྟར་རོ། །ཚོམས་ལས། ཇི་བཞིན་ལས་ཀྱི་རྗེས་སུ་འབྲང་། །ཞེས་ཡོད་ཀྱང་། དཔེ་གཞན་དུ། ཇི་བཞིན་ལས་ཀྱི་རྗེས་སུ་འབྲེང་། །ཞེས་ཡོད་པར་མངོན་ནོ། །འབྲང་། འབྲེང་། འབྲིང་རྣམས་དོན་གཅིག་ཡིན་པར་སེམས་ཏེ། དཔེར་ན་ཞབས་འབྲིང་ཞེས་པའང་ཞབས་རྗེས་སུ་འབྲིང་བའམ་འབྲེང་བའམ་འབྲང་བ་ཡིན་པས་ན་དེ་སྐད་ཅེས་བཏགས་པར་སེམས་སོ། །༡༤༡ལས་ཀྱང་། ཚེ་དང་ལྡན་པ་ཀུན་དགའ་བོ་རྗེས་སུ་འབྲེང་བ་དང་དེའི་ཐད་དུ་གཤེགས་སོ། །ཞེས་གསུངས་སོ། །