From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྙེད་པ་ལེགས་པར་རྙེད་དོ
|
Tibetan Definition
|
1 སྐལ་བ་བཟང་པོའམ། གོ་སྐབས་བཟང་པོ་ཐོབ་པ་ལ་ཟེར། རྗེའི་ལམ་རིམ་ལས། འདི་འདྲ་བའི་སྐྱབས་གསུམ་ལ་བརྟེན་དུ་ཡོད་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས་དགའ་བ་ཇེ་འཕེལ་དུ་འགྱུར་བའོ། །ཞེས་དང་། གཞན་གྱི་དོན་དུ་ཞུགས་པས་རང་གི་དོན་མ་ཚང་བ་མེད་པར་ཞར་ལ་འགྲུབ་པའི་ཐབས་མཁས་པ་ཆེན་པོ་དང་ལྡན་པའི་ཐེག་པ་ཆེན་པོ་ལ་འཇུག་ཏུ་ཡོད་པ་ནི། ཀྱེ་མའོ་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་བསམས་ལ། ཞེས་གསུངས་པ་ལྟར་རོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་༼ མ ༽༨༨བ༤ལས། འཇིག་རྟེན་གྱི་ཁམས་མི་འཛུམས་པ་དེ་མཐོང་བ་ནི་རྙེད་པ་ལེགས་པར་རྙེད་དོ། །ཞེས་གསུངས་པ་ལྟར་རོ། །
|