9788

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྙེད་བཀུར
Tibetan Definition རྙེད་པ་དང་བཀུར་སྟིའི་བསྡུས་མིང༌། རྙེད་པ་ནི། མཁོ་བའི་ཡོ་བྱད། བཀུར་སྟི་ནི། ལུས་ངག་གིས་གོང་དུ་བཀུར་བའམ་ཞབས་ཏོག དེ་ཡང་ན་བཟའ་སོགས་མཁོ་དགུའི་ཡོ་བྱད་འབུལ་བ་དང༌། གུས་པར་སྨྲ་བ་དང་ཕྱག་འཚལ་བ་སོགས་ཀྱིས་གོང་དུ་བཀུར་བའོ། །རྗེའི་ལམ་རིམ་ཆེན་མོ་ལས། རྙེད་པ་དང་བཀུར་སྟིའི་མཆོད་པ་ནི། ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་བསྙུན་གྱི་གསོས་སྨན་དང་ཡོ་བྱད་དང་བདུག་པ། ཕྱེ་མ། བྱུག་པའི་སྤོས་དང་མེ་ཏོག་གི་ཕྲེང་བ་དང་རོལ་མོའི་སྒྲ་དང་མར་མེ་སྣ་ཚོགས་འབུལ་བ་དང༌། གུས་པར་སྨྲ་བ་དང་ཕྱག་འཚལ་བ་དང་མངོན་དུ་ལྔང་བ་དང་ཐལ་མོ་སྦྱར་བ་དང་བསྟོད་པ་སྣ་ཚོགས་བརྗོད་པ་དང་ཡན་ལག་ལྔས་ཕྱག་བྱ་བ་དང་གཡས་ཕྱོགས་སུ་བསྐོར་བ་དང༌། ཞེས་གསུངས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༧༣བ༣ལས་ཀྱང་། རྙེད་པ་ནི་ཆོས་གོས་ལ་སོགས་པའོ། །བཀུར་སྟི་ནི་ཕྱག་འཚལ་བ་ལ་སོགས་པའོ། །ཞེས་གསུངས་སོ། །