9790

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྙོག་པ་ལྔ
Tibetan Definition སྙིགས་མ་ལྔ་དང་དོན་གཅིག ཐ་སྙད་འདི་རྒྱ་གར་གྱི་སློབ་དཔོན་དྲི་མེད་བཤེས་གཉེན་གྱི་འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་པ་བམ་པོ་ལྔ་བཅུ་པ་༼ བུ་པ ༽ཤོག་གྲངས་༢༢༤བ༥ལས་གསུངས་ཏེ། དེ་ལ་རྙོག་པ་ལྔ་ནི། སེམས་ཅན་གྱི་རྙོག་པ། བསྐལ་པའི་རྙོག་པ། ཚེའི་རྙོག་པ། ཉོན་མོངས་པའི་རྙོག་པ། ལྟ་བའི་རྙོག་པའོ། །ཞེས་གསུངས་སོ། །སྙིགས་མ་དང་རྙོག་པ་གཉིས་གོ་དོན་ཕྲན་བུ་མི་འདྲ་བས། ནམ་རྒྱུན་སྙིགས་མ་ལྔ་ཟེར་དུས་སྙིགས་རོ་ལྔ་ཟེར་བ་ལྟ་བུ་ཞིག་ལ་གོ་ཡང་། འདིར་སེམས་ཅན་རྙོག་པ། དུས་རྙོག་པ། ཚེ་རྙོག་པ། ཉོན་མོངས་རྙོག་པ། ལྟ་བ་རྙོག་པ་ཞེས་བརྗོད་དུས་ཕྲན་བུ་གོ་བ་ལེན་སྟངས་མི་འདྲ་བ་འོང་བས་དཔྱད་པར་བྱའོ། །