From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྟ་མགྲིན་གསང་སྒྲུབ
|
Tibetan Definition
|
འདིའི་སྐུ་མདོག་ཕྱག་མཚན་སོགས་ཀྱི་ཁྱད་པར་ནི། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། །རྩ་ཞལ་དམར་ཞིང་གཡས་དཀར་གཡོན་ལྗང་བ། །རེ་རེ་ལའང་སྤྱན་ནི་གསུམ་གསུམ་ལྡན། །དབུ་གསུམ་སྟེང་དུ་རྟ་མགོ་ལྗང་ནག་རེ། །རྔོག་མ་དམར་པོ་ཕྲུམ་ཕྲུམ་སེར་པོ་ཅན། །ཕྱག་གཡས་རྡོ་རྗེ་ཁ་ཊཱཾ་རལ་གྲི་དང༌། །གཡོན་པས་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་བསྣམས། །མི་ལྤགས་གླང་ལྤགས་སྟོད་གཡོགས་སྟག་ཤམ་གསོལ། །གར་དགུའི་ཉམས་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞབས་བརྒྱད་གཡས་བསྐུམ་གཡོན་བརྐྱང་སྤྲུལ་བརྒྱད་མནན། །པད་ཉིར་མེ་དཔུང་འབར་བའི་དབུས་བཞུགས་པའི། །ཁྲོ་རྒྱལ་རྟ་མགྲིན་གསང་སྒྲུབ་ལ་ཕྱག་འཚལ། །སྙིང་པོ། ༀ་ཧྲཱིཿཔདྨནྟ་ཀྲིཏ་བཛྲ་ཀྲོདྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ།
|