9814

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟག་མཐར་ལྷུང་བ
Tibetan Definition (དབུ་མ) དངོས་པོ་རང་བཞིན་གྱིས་ཡོད་པར་འཛིན་པ་ལ་ཟེར། སྟོང་ཐུན་སྐལ་བཟང་མིག་འབྱེད་༥༤བ༣ལས། ཕྱི་རོལ་པ་དག་གིས་བདག་རྟག་པར་འཛིན་པ་དང་། སྤྱི་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྟག་དངོས་སུ་འཛིན་པ་ལྟ་བུ་དང་། བྱེ་བྲག་སྨྲ་བས་ནམ་མཁའ་རྟགས་རྫས་སུ་ཁས་ལེན་པ་སོགས་ཀྱང་རྟག་པའི་མཐར་ལྷུང་བ་ཡིན་མོད་ཀྱི། ཞེས་གསུངས་པ་ལྟར་རོ། །འདིའི་དོན་ཞིབ་པར་རྟག་མཐའ་ཞེས་པའི་ཐད་དུ་གཟིགས།