9815
Jump to navigation
Jump to search
རྟག་ཞི་བ | |
Tibetan Definition | (བརྡ་སྤྲོད) <ས་དཱ་ཤི་བ> 1 ལྷ་དབང་ཕྱུག་ཆེན་པོ། 2 ཁྱབ་འཇུག་གམ་ཚངས་པ་ལའང་འཇུག་པར། བྲ་སྟི་སུམ་འགྲེལ་ལས་བཤད་དོ། །3སངས་རྒྱས་ལའང་རྟག་ཞི་བའི་སྒྲ་འཇུག་སྟེ། ཞ་ལུ་ལོ་ཙཱ་བའི་སུམ་འགྲེལ་ལས། བརྟག་པ་གཉིས་པ་ལས། རྟག་ཏུ་དགེ་ལ་ཞི་བ་ཉིད། །ཅེས་འབྱུང་བ་ལྟར་སངས་རྒྱས་ལ་རྟག་ཞི་བར་བཤད་དུ་ཡོད་པར་གསུངས་སོ། །ཞེས་གསུངས། |
---|