9817

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟག་རེས་འཁོར
Tibetan Definition (འདུལ་བ) 1 རྟག་ཏུ་རང་གི་ཉེ་འཁོར་དུ་སྡོད་པའི་གཡོག་འཁོར་ལ་ཟེར། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༢ན༦ལས། རྟག་རེས་འཁོར་དག་ཅེས་བྱ་བ་ནི་རྒྱུན་དུ་ (མ་དཔེར་རྒྱན་དུ་ཞེས་ཡོད་ཀྱང་དེ་ཡིག་ནོར་ཡིན་པར་སེམས) ཡོད་པའོ། །དེའི་ཐད་ཀྱི་འདུལ་བ་ལུང་རྣམ་འབྱེད་༼ ཅ་པ ༽༢༣ན༥ལས། རྟག་རེས་འཁོར་དག་དང་། མགྲོན་དུ་བོས་པ་དག་དང་། ཞེས་གསུངས་སོ། །2 དུས་རྟག་ཏུ་སྦྱོར་བའི་ཟས་ཀྱི་དོན་དུ་བཤད། བུ་སྟོན་རིན་པོ་ཆེའི་ལས་བརྒྱ་རྩ་གཅིག་གི་རྣམ་པར་བཤད་པ་ཆོ་གའི་གསལ་བྱེད་༨༩བ༦ན་གསལ་ལོ། །