9821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་གསལ་ཁྱབ་གསུམ
Tibetan Definition (རྣམ་འགྲེལ) སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར་ཞེས་པ་ལྟ་བུར་མཚོན་ན། སྐད་ཅིག་མ་རྟགས། མི་རྟག་པ་གསལ་བའམ་བསྒྲུབ་བྱའི་ཆོས། སྐད་ཅིག་མ་ཡིན་ན་མི་རྟག་པ་ཡིན་དགོས་པ་ནི་ཁྱབ་པའོ། །ཆོས་ཅན། ཞེས་པ་ནི་རྩོད་གཞི། ཐལ། ཞེས་པ་ནི་གསལ་བ། ཕྱིར། ཞེས་པ་ནི་རྟགས། ཁྱབ། ཅེས་པ་ནི་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པའི་ཁྱབ་པའོ། །གསལ་བ་ཞེས་པའི་དོན་ནི། གང་བཤད་རྒྱུའི་སྐད་ཆ་དེ་གསལ་དུ་གཏོང་བའི་དོན་ལ་བཤད་དེ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་ཐོར་བུ་༤ན༥ལས། བུམ་པ་ཆོས་ཅན། དངོས་པ་ཡིན་པར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། ཞེས་བཀོད་ན། ཆོས་ཅན། ཞེས་པའི་ཚིག་ཡོད་པའི་ལེ་ཚན་དེའི་མིང་ལ་ཆོས་ཅན་ནམ་རྩོད་གཞི་ཆོས་ཅན་ཟེར་ཏེ། དེ་རྟག་དངོས་སམ་ཤེས་བྱའི་རིགས་གང་ཡིན་བརྟག་དཔྱད་དང་རྩོད་པ་བྱེད་པའི་གཞི་ཡིན་པས་སོ། །ཐལ། ཞེས་པའི་ཚིག་ཡོད་པའི་ལེ་ཚན་དེ་ལ་གསལ་བ་ཟེར་ཏེ། ལེ་ཚན་དེ་བཀོད་ནས་ཆོས་ཅན་དེ་རྒྱུ་མཚན་འདི་འདྲ་ཞིག་ཡིན་ཞེས་སྐད་ཆ་གསལ་དུ་གཏོང་བའི་ཕྱིར་རོ། །ཕྱིར། ཞེས་པའི་ཚིག་ཡོད་པའི་ལེ་ཚན་དེའི་མིང་ལ་རྟགས་ཟེར་ཏེ། གསལ་བར་བཤད་པའི་རྒྱུ་མཚན་དེ་ཡིན་པའི་རྟགས་འདི་ཡོད་ཅེས་ཐག་བཅད་པའི་ཕྱིར། དེས་ན་བུམ་པ་དཔྱད་པ་བྱེད་པའི་ལབ་གཞི་ཆོས་ཅན་དེ། དངོས་པོ་ཡིན་པ་གསལ་དུ་འགྲོ། གང་ཡིན་ན་ཁོས་དོན་བྱེད་ནུས་པ་སྟེ་ལས་ཀ་བྱེད་ཤེས་ཀྱིན་འདུག་པ་ཞེས་པ་ལྟ་བུ་ཡིན། དོན་བྱེད་ནུས་ན། དངོས་པོ་ཡིན་པར་ཐག་རྦད་ཆོད་པ་དེ་ལ་ཁྱབ་པ་ཟེར་ཏེ། ཁག་ཐེག་པའི་མིང་ཡིན། ཞེས་གསུངས་པ་ལྟར་རོ། །