From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྟེན་གྱི་སྟོབས
|
Tibetan Definition
|
གཉེན་པོ་སྟོབས་བཞིའི་ནང་ཚན་རྟེན་གྱི་སྟོབས་ནི་སྐྱབས་འགྲོ་དང་སེམས་བསྐྱེད་བསྒོམ་པ་ལ་རྗེའི་ལམ་རིམ་ཆེ་ཆུང་དུ་གསུངས་ཤིང་། རྒྱ་གར་གྱི་སློབ་དཔོན་ཤེས་རབ་འབྱུང་གནས་ཀྱི་སྤྱོད་འཇུག་འགྲེལ་པ་ལས་ཀྱང་། དེ་ལྟར་སྐྱབས་སུ་འགྲོ་བ་ལ་སོགས་པ་འདིས་ནི་སྡིག་པ་ཟད་པར་བྱ་བའི་དོན་དུ་རྟེན་གྱི་སྟོབས་བསྟན་པ་ཡིན་ནོ། །གང་འཕགས་པ་ཆོས་བཞི་པའི་མདོ་ལས། དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །དེ་སྟོབས་དང་ལྡན་པ་ལ་བརྟེན་ནས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ་ཞེས་གསུངས་སོ། །སྒྲ་བཤད་ནི། སྐྱབས་ཡུལ་ནི་རྟེན་ཡིན་ལ། དེ་ལ་སྐྱབས་འགྲོ་དང་སེམས་བསྐྱེད་པ་ནི་སྟོབས་སོ། །
|