9850

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་འབྲེལ་སྙིང་པོ
Tibetan Definition (ཕར་ཕྱིན) སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཤིག་སྟེ། དབུ་མ་རྟེན་འབྲེལ་སྙིང་པོ་ཡང་ཟེར། མཚན་དངོས་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ་ཞེས་བྱའོ། །རྒྱ་གར་སྐད་དུ། པྲ་ཏི་ཏྱ་སམུཏྤད་ཧྲིད་ཡ་ཀཱ་རི་ཀཱ་ཞེས་བྱའོ། །འདི་ལ་ཡིག་ཕྲེང་ལྔ་ལྷག་མ་གཏོགས་མེད། འདི་ལ་ཀླུ་སྒྲུབ་ཉིད་ཀྱིས་མཛད་པའི་རང་འགྲེལ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་ཞེས་བྱ་བ་ཞིག་ཀྱང་ཡོད་དོ། །རྩ་འགྲེལ་གཉིས་ཀ་སྡེ་དགེ་བསྟན་འགྱུར་དབུ་མའི་༼ ཙ་པ ༽༡༤༦བ༢ནས་བཞུགས་སོ། །རྗེའི་ལམ་རིམ་ཆེན་མོར། སློབ་དཔོན་ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་འབྱུང་བའི་ཚིགས་བཅད་གཅིག་པུ་འདི། རྟེན་འབྲེལ་སྙིང་པོའི་གཞུང་ཚིག་ཡིན་ནོ། །