From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྟེའུ་ལོ
|
Tibetan Definition
|
ཏེ་ལོ་ཡང་ཟེར། སྲེ་མོང་ལས་ཆེ་ཙམ་གྱི་སྲོག་ཆགས་དྲི་ངན་ཞིག དེ་ནི་ཚད་འགོག་སྐབས། དགུན་གྱི་དུས་སུ་བྱི་བས་ལུས་ལ་རྨུགས་པ་ན། བྱི་དུག་ཞུགས་ཡོད་ཀྱང་རྨུགས་པ་མྱོང་གི་དུག་མ་མྱོང་ངོ་། །དེ་ལས་ཕྱིས་འབྲུག་གི་སྒྲ་ཐོས་པ་ན་རྨུགས་པའི་ཚེ་དུག་ཞུགས་པར་འདུག་སྙམ་དུ་དྲན་ཀྱང་། སྔར་གྱི་དུག་མ་མྱོང་བ་བཞིན་ནོ། །ཞེས་གསུངས་པའི་བྱི་བས་རྨུགས་ཡུལ་གྱི་ལུས་ནི། འགའ་ཞིག་གིས་དོམ་གྱི་ལུས་ཡིན་ཟེར། ཡང་འགའ་ཞིག་གིས་གོང་དུ་བཤད་པའི་རྟེའུ་ལོ་ཟེར་བའི་སྲོག་ཆགས་དེའི་ལུས་ཡིན་པར་བཤད། ཡང་གཞན་དག་གིས་བྱི་བ་རྨུགས་ཡུལ་ལ་བཞག་ནས་རྨུག་མཁན་ནི་རྟེའུ་ལོ་ཡིན་ཟེར་བའི་བཤད་སྲོག་སྣ་ཚོགས་ཤིག་འདུག་གོ།
|