9860

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོག་གེ་འབར་བ
Tibetan Definition དབུ་མ་སྙིང་པོའི་རང་འགྲེལ་རྟོག་གེ་འབར་བ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྡེ་དགེ་སྤར་མའི་དབུ་མའི་སྡེ་ཚན་གྱི་བསྟན་འགྱུར་༼ ཛ་པ ༽འི་ཤོག་གྲངས་༡ནས་༤༠བར་དབུ་མ་སྙིན་པོ་བཞུགས་ཤིང་། གླེགས་བམ་དེ་གའི་ཤོག་གྲངས་༤༠མདུན་གཟིགས་གཅིག་སྦྱར་ན་རྟོག་གེ་འབར་བ་བཞུགས་སོ། །འདི་ལ་ནག་ཚོའི་འགྱུར་ཞིག་ཀྱང་ཡོད་ཅིང་། དེའི་རྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་ལེའུ་ལ། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཀ་མ་བ་ཤེས་རབ་འོད་ཀྱིས་འགྱུར་བཅོས་མཛད་དེ་བསྒྱུར་བའི་སྐོར། དེབ་སྔོན་སྟོད་ཆ་༣༧༦ན་གསལ་ཏེ། རྟོག་གེ་འབར་བ་ནག་ཚོས་བསྒྱུར་བ་ལས་རྣལ་འབྱོར་སྤྱོད་པ་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་ལེའུ་ལ་འགྱུར་བཅོས་མཛད་པ་པོའི་མཁས་བཙུན་ཤེས་རབ་འོད་གསལ་གཉིས་ཀྱིས་བསྒྱུར་ཟེར་བའི་ཡ་གཅིག་ཀྱང་ཁོང་ཡིན་པ་འདྲའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། རྟོག་དཔྱོད་ཤིན་ཏུ་འབར་བའམ་རྒྱས་པས་རྟོག་གེ་འབར་བ་ཞེས་བརྗོད་པར་སེམས་སོ། །