9863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོག་གེའི་ཚིག་དོན་བཅུ་དྲུག
Tibetan Definition དངོས་སྨྲ་བ་རྣམས་ཀྱིས་བདེན་པར་གྲུབ་པའི་སྒྲུབ་བྱེད་ལ་བཅུ་དྲུག་འགོད་པས། བཅུ་དྲུག་ནི། ཚད་མ་དང༌། གཞལ་བྱ་དང༌། ཐེ་ཚོམ་དང༌། དགོས་པ་དང༌། དཔེ་དང༌། གྲུབ་པའི་མཐའ་དང༌། ཡན་ལག་དང༌། རྟོག་གེ་དང༌། གཏན་ལ་ཕབ་པ་དང༌། རྩོད་པ་དང༌། བརྗོད་པ་དང༌། སུན་ཅི་ཕྱིན་དུ་རྒོལ་བ་དང༌། གཏན་ཚིགས་ལྟར་སྣང་དང༌། ཚིག་ངོར་དང༌། ལྟག་ཆོད་དང༌། ཚར་བཅད་པའི་གནས་རྣམས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས། དངོས་སྨྲ་བ་རྣམས་ཀྱིས་གང་ཟག་དང་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པའི་བསྒྲུབ་བྱ་བདེན་དངོས་འགོག་པ་ལ། རྩ་བ་ཤེས་རབ་དང༌། དེའི་སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ལ་ཞི་བ་མོ་རྣམ་འཐག་གཉིས་སུ་མཛད་དོ། །