9865

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོག་པ
Tibetan Definition 1 སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག སྒྲ་བཤད་ནི། ཡུལ་ལ་རྟོག་པའམ་བརྟག་དཔྱད་བྱེད་པས་ན་རྟོག་པ་ཞེས་བྱ། རྟོག བརྟགས། བརྟག་ཅེས་པ་དུས་གསུམ་གྱི་ཁྱད་པར་ཙམ་ལས་བརྟག་དཔྱད་བྱེད་པའི་དོན་ཡིན། ང་ཚོ་རིགས་ལམ་པས་རྟོག་པ་ཞེས་པ་ངན་པ་ཞིག་དང་མཐོང་ཆུང་བརྩི་ཡུལ་ཞིག་ཏུ་བྱེད་ཀྱང༌། དེའི་སྒྲ་དོན་ལ་ཞིབ་ཏུ་བརྟགས་ན་ཤེས་རབ་དང་ཕལ་ཆེར་འདྲ་བ་ཞིག་ཏུ་སྣང་ངོ༌། །སྒྲ་དོན་འདྲེས་པར་འཛིན་པ་དང༌། རུང་བ་སྨོས་པའི་དགོས་པ་བཅས་ཀྱི་དོགས་གཅོད། སྒྲ་དོན་འདྲེས་རུང་དུ་འཛིན་པའི་བློ་ཞེས་པའི་ཐད་དུ་གཟིགས།