9875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོག་མེད་ཀྱི་ཤེས་པ
Tibetan Definition དོན་སྤྱི་རྒྱུད་མི་དགོས་རང་ཡུལ་ལ་ཐད་ཀར་གསལ་བར་འཇུག་ནུས་པའི་ཤེས་པ། འདིའི་མཚན་གཞི་གཙོ་བོ་དབང་ཤེས་ལྔ་པོ་ལྟ་བུ། སྒྲ་བཤད་ནི། རང་ཡུལ་ལ་རྟོག་དཔྱོད་མི་བྱེད་པར་འཇུག་པའི་ཤེས་པ་ཡིན་པས་ན་རྟོག་མེད་ཀྱི་ཤེས་པ་ཞེས་བྱའོ། །ཡང་ན་མི་སེམས་པར་འཇུག་པས་ན་རྟོག་མེད་ཅེས་ཀྱང་བྱའོ། །དཔེར་ན་མིག་ཤེས་ཀྱིས་ཡུལ་ལ་འཇུག་པ་ན་ཡུལ་མཐོང་བ་ཙམ་ལས་བསམ་བློ་བཏང་ནས་འཇུག་པ་མིན་པ་བཞིན་ནོ། །