9887

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོགས་ལྡན
Tibetan Definition གྲུབ་ཐོབ། ས་ལམ་གྱི་ཡོན་ཏན་ནམ་ཆོས་ཀྱི་ཉམས་མྱོང་ཚད་ལྡན་ཐུགས་རྒྱུད་ལ་འཁྲུངས་པའི་སྐྱེས་བུ། སྒྲ་བཤད་ནི། རྟོགས་པ་ནི་ས་ལམ་གྱི་ཡོན་ཏན་གྱི་མིང་ཡིན་ལ། དེ་དང་ལྡན་པས་ན་རྟོགས་ལྡན་ནོ། །བོད་རྒྱ་ཚིག་མཛོད་ཆེན་མོར། རྟོགས་ལྡན་ཞེས་པ་མཁས་པ་ལ་འཇུག་པར་གསུངས་འདུག་ཀྱང་། དེ་མཁས་པ་ལ་འཇུག་ཚུལ་མེད་པས། རྟོག་ལྡན་དང་ནོར་བ་འདྲའོ། །སྤྱིར་ན་རྟོགས་ལྡན་གྱི་མཚན་ཉིད་ངེས་ཅན་ཞིག་ནི་མདོ་རྒྱུད་གང་ལས་ཀྱང་གསུངས་པ་མེད་དེ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། རྟོགས་ལྡན་མཚན་ཉིད་འདི་ཡིན་ཞེས། །མདོ་རྒྱུད་ཀུན་ལས་གསུངས་པ་མེད། །ཅེས་གསུངས་སོ། །