9888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོན་པ
Tibetan Definition (བྱེད་འབྲེལ་ད་ལྟ་བ) 1 ཡིད་ཆེས་པ། བློ་འགེལ་བ། བརྟན་པ་འདས་པ། བརྟན་པ་མ་འོངས་པ། རྟོན་སྐུལ་ཚིག ལྕང་སྐྱའི་གྲུབ་མཐའ་ལས། དེ་ལ་རྟོན་མི་རྟོན་ནི་ཡིད་ཆེས་མི་ཆེས་ལ་བྱའོ། །ཞེས་གསུངས་ཤིང༌། བསྟན་དར་ལྷ་རམས་པ་སོགས་མཁས་པ་གཞན་མང་པོས་ཀྱང་དེ་བཞིན་དུ་བཞེད་དོ། །2 ཡིད་གཏོད་པ། ཡིད་བརྟན་པར་བྱེད་པ། འདོད་པ། རྗེས་སུ་འབྲང་བ། ཕྱི་མ་གཉིས་ལི་ཤིའི་གུར་ཁང་དུ་གསལ། བརྒྱད་སྟོང་པ་ལས། ཚིག་འདི་དག་ཐོས་ནས་ཀྱང་མི་འཁྲུག་མི་གཡོ་ཞིང་དེ་ཆོས་ཉིད་ལ་རྟོན་ཏེ། ཞེས་དང༌། དེའི་ཐད་ཀྱི་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས། རྟོན་པ་ནི་བརྟན་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །ཞེས་གསུངས། 3 (མིང་ཚིག) ཡིད་རྟོན་བྱ་ཡུལ། རྟོན་པ་བཞི་ཞེས་པ་ལྟ་བུ།