9889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོན་པ་བཞི
Tibetan Definition གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་དང་བཞིའོ། །ཞེས་བློ་གྲོས་མི་ཟད་པའི་མདོལས་གསུངས། རྟོན་པ་ཞེས་པ་བློ་གཏད་བཅོལ་བའི་དོན་ཡིན། དེ་ཡང་མདོ་ཚན་དང་པོ་དེས་བསྟན་པ་སྐྱོན་མེད་དུ་རྟོགས་པ་ལ་བརྟེན་ནས་སྟོན་པ་སྐྱོན་མེད་དུ་རྟོགས་དགོས་ཀྱི། སྟོན་པ་སྐྱོན་མེད་དུ་རྟོགས་པ་ལ་བརྟེན་ནས་བསྟན་པ་སྐྱོན་མེད་དུ་རྟོགས་མི་ནུས་ཞེས་བསྟན། གཉིས་པས་སྟོང་ཉིད་སྟོན་པའི་ཚིག་དེ་གནས་ལུགས་མིན་གྱི། བསྟན་དོན་སྟོང་ཉིད་དེ་གནས་ལུགས་ཡིན་ཞེས་བསྟན། གསུམ་པས་དྲང་དོན་ཀུན་རྫོབ་གནས་ལུགས་མ་ཡིན༌། ངེས་དོན་དོན་དམ་པ་གནས་ལུགས་ཡིན་ཞེས་བསྟན། བཞི་པས་རྣམ་ཤེས་འཁྲུལ་བའི་སྣང་ཚུལ་མི་བདེན། ཡེ་ཤེས་མ་འཁྲུལ་བའི་གཟིགས་ཚུལ་བདེན་ཞེས་བསྟན་ཏོ། །ཞེས་རིགས་པའི་དབང་ཕྱུག་སེ་རེ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དྲང་ངེས་རྒོལ་ངན་ཚར་གཅོད་ན་གསལ། རྟོན་པོ་བཞི་པོ་འདི་མྱ་ངན་འདས་པ་ཆེན་པོའི་མདོ་ལས་ཀྱང་གསུངས་ཤིང༌། དེའི་དོན་རྒྱས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་གསུངས་པར་བཤད། རྟོན་པ་བཞིའི་སྐོར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་སྨད་ཆ་༡༠ན་ཡང་གསལ།