9895

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡུལ
Tibetan Definition <དྷཱུ་ལི> 1 ཤིན་ཏུ་ཆུང་བའི་གཟུགས་ཀྱི་ཆ་ཤས་ཀྱི་མིང་། འདི་ལེགས་སྦྱར་གྱི་དྷཱུ་ལི धूलि > ཟུར་ཆག་པ་ཡིན་ཞིང་། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུའང་དེ་ལྟར་བཤད། རྒྱ་གར་གྱི་ཡུལ་སྐད་དུའང་དྷུལ धूल > ཟེར་བ་དེ་དང་ཡང་སྒྲ་གདངས་ཧ་ཅང་ཉེ། དེས་དུ་བལའང་རིགས་འགྲེའོ། །འོན་ཀྱང་རྒྱ་གར་བས་དྷུལཞེས་པ་རྡུལ་ཡན་གར་བ་ལ་མི་གོ་བར། རྡུལ་འཚུབ་ལ་གོ་བ་རེད། དཔེར་ན། མཆིམས་མཛོད་ལས། རྡུལ་ནི་རྡུལ་འཚུབ་བོ (མ་ཕྱི་ལ་འས་ཕུལ་མི་འདུག) ། །ཞེས་གསུངས་པ་ལྟར་རོ། །2 ཉོན་མོངས། དཔེར་ན་རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །ཞེས་གསུངས་པ་ལྟར་རོ། །3 དྲི་མ། སྐྱོན། མི་གཙང་བ། སྐྱག་པ་བཅས་ཀྱི་དོན། དཔེར་ན་མིག་སྐྱག་ལ་མིག་གི་རྡུལ་ཞེས་པ་ལྟ་བུའོ། །4 བུད་མེད་ཀྱི་མངལ་ཁྲག་གི་མིང་། དཔེར་ན་ཁུ་རྡུལ་ཞེས་པ་ལྟ་བུ། འདི་ལ་རྡུལ་ཞེས་བརྗོད་པའི་རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར་མི་གཙང་བ་ཡིན་པས་ཆ་ནས་ཡིན་ནོ། །