9897

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡུལ་གཅིག་སྟེང་ན་རྡུལ་སྙེད་ཅེས་སོགས་ཀྱི་དོན
Tibetan Definition རྡུལ་ཕྲ་རབ་གཅིག་གམ་རེ་རེའི་སྟེང་ན་འཇིག་རྟེན་གྱི་ཁམས་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པའི་སངས་རྒྱས་དཔག་ཏུ་མེད་པ་འཁོར་བྱང་སེམས་ཀྱིས་བསྐོར་བའི་དབུས་ན་བཞུགས་པ་དེ་དག་ལ། ཞེས་པའི་དོན་ནོ། །འདི་ནི་ཡིད་ཀྱི་ཕྱག་བཙལ་ཚུལ་སྟོན་པའི་གཞུང་ཡིན་ལ། དེ་ཡང་རྗེའི་ལམ་རིན་ཆེན་མོ་ལས། ཡིད་ཀྱི་ཕྱག་ནི། རྡུལ་གཅིག་སྟེང་ན་ཞེས་པའི་ཚིག་བཅད་གཅིག་སྟེ། རྡུལ་ཕྲ་རབ་རེ་རེའི་སྟེང་ནའང་རྡུལ་ཐམས་ཅད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་འཁོར་བྱང་སེམས་ཀྱིས་བསྐོར་བའི་དབུས་ན་བཞུགས་པ་ལ་དེ་དག་གི་ཡོན་ཏན་རྗེས་སུ་དྲན་པའི་མོས་པ་བསྐྱེད་པའོ། །ཞེས་གསུངས་པ་ལྟར་རོ། །བཟང་སྤྱོད་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་གསུངས།