99
Jump to navigation
Jump to search
ཀཱ་རུ་ཎ | |
Tibetan Definition | (ལེགས་སྦྱར) 1 སྙིང་རྗེ། ངེས་ཚིག་ནི། བདེ་འགོག་སྟེ། ཀཱ་སུ་ཁ་སྟེ་བདེ་བ་དང་། རུ་རུ་ཎ་འགོག་པ་སྟེ་བདེ་འགོག་ཅེས་བྱའོ། །ཡང་ན། ངེས་ཚིག སྙིང་རྗེའི་སྐད་དོད་ཀཱ་རུ་ཎ་ཞེས་པ། ཀ་ལ་ཐིག་ལེ་བྱིན་ནས་ཀཾ་བདེ་བ་དང་། རུ་ཎ་འགོག་པ་སྟེ་བདེ་འགོག་ཅེས་བྱའོ། །རང་ཉིད་གཅིག་པུ་བདེ་བར་འདུག་པའི་བློ་འགོག་པས་ན་བདེ་འགོག་ཅེས་ཀྱང་ཟེར་རོ། ། 2 (གསང་སྔགས)བདེ་བ་ཆེན་པོའི་ཡེ་ཤེས། འཛག་བདེ་འགོག་པས་ན་སྙིང་རྗེའམ་བདེ་འགོག་ཅེས་བྱའོ། ། |
---|