9902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡུལ་ཕྲན
Tibetan Definition (མཛོད) རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་ཟེར། མཛོད་རྩ་བ་ལས། སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །ཞེས་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་ཞེས་བྱ་ལ། ཡང་མདོ་རྩ་བ་ལས། རྡུལ་ཕྲ་རབ་དྲུག་ལ། རྡུལ་ཕྲན་གཅིག་ཟེར་ཏེ། དེ་ཉིད་ལས། རྡུལ་ཕྲ་རབ་དང། རྡུལ་ཕྲ་མོ་དང། ཆུ་དང། ལྕགས་དང། རི་བོང་དང། ལུག་དང། གླང་དང། ཉི་ཟེར་གྱི་རྡུལ་དང། སྲོ་མ་དང། ཤིག་དང། ནས་དང་སོར་རྣམས་ནི་སྔ་མ་དྲུག་ལ་ཕྱི་མའོ། །སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཞེས་གསུངས་པ་འགལ་ལོ་ཞེས་ན། འདི་ནི་ཕྲ་རགས་ཀྱི་ཁྱད་པར་ཙམ་ཡིན་པའི་ཕྱིར་མི་འགལ་ལོ་ཟེར་རོ། །