9906

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡུལ་མུན་སྙིང་སྟོབས་གསུམ
Tibetan Definition 1 (ཕྱི་རོལ་གྲངས་ཅན) རྡུལ་དང་སྡུག་བསྔལ་དོན་གཅིག དེ་ནི་གཡོ་བ་དང་འཇུག་པའི་བདག་ཉིད་ཅན་ཡིན་ནོ། །མུན་པ་དང་བཏང་སྙོམས་དང་གཏི་མུག་རྣམས་དོན་གཅིག དེ་ནི་ལྕི་བ་དང་གཡོགས་པའི་བདག་ཉིད་ཡིན་ནོ། །སྙིང་སྟོབས་དང་བདེ་བ་དོན་གཅིག དེ་ནི་ཡང་བ་དང་རབ་ཏུ་གསལ་བའི་བདག་ཉིད་ཅན་ཡིན་ནོ། །དེ་ལྟར་ཡང༌། རངས་དང་མགུ་དང་ཀུན་དགའ་དང༌། །བདེ་ཞིང་ཞི་བའི་སེམས་ཉིད་དག །རེས་འགའ་ཡང་ནི་སྣང་གྱུར་པ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །མི་དགའ་ཡོངས་སུ་གདུང་བ་དང༌། །མྱ་ངན་འདོད་དང་མི་བཟོད་དག གང་དུ་སྣང་བའི་གཏན་ཚིགས་ཀྱི། །དེ་དག་རྡུལ་ནི་རྟགས་སུ་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང༌། །བག་མེད་གཉིད་དང་གཡེལ་བ་དག །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་འདོད། །ཅེས་ལྕང་སྐྱའི་གྲུབ་མཐར་གཞི་བྱས་ཏེ་བཀོད། འོན་ཀྱང༌། མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། རྡུལ་མུན་སྙིང་སྟོབས་གསུམ་ནི་བདེ་བ་དང་བཏང་སྙོམས་དང་སྡུག་བསྔལ་གསུམ་མོ། །ཞེས་ཀྱང་གསུངས་སོ། །ས་པཎ་གྱི་གཞུང་ལུགས་ལེགས་པར་བཤད་པ་ལས། དེ་ལ་རྡུལ་ནི་སེམས་ཡུལ་ལ་འཇུག་པའི་རང་བཞིན་ནོ། །མུན་པ་ཤེས་པ་ཡུལ་ལ་ཁ་མི་ཕྱོགས་པར་ཀུན་ཏུ་རྨོངས་པའོ། །སྙིང་སྟོབས་ནི་ཤེས་པ་ཡུལ་ལ་གསལ་བར་གནས་པ་དང་། མྱུར་དུ་འཇུག་པའོ། །ཞེས་གསུངས་སོ། །