9911

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡུལ་རྫས་བརྒྱད
Tibetan Definition ས་རྡུལ། ཆུ་རྡུལ། མེ་རྡུལ། རླུང་རྡུལ། གཟུགས་རྡུལ། དྲི་རྡུལ། རོ་རྡུལ། རེག་བྱའི་རྡུལ་དང་བརྒྱད་དོ། །འབྱུང་བ་བཞི་དང་འབྱུང་འགྱུར་བཞི་སྟེ་བརྒྱད་དོ། །མཛོད་རྩ་བ་ལས། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྔན་ལ་རྫས་དགུའོ། །དབང་པོ་གཞན་ལྡན་རྫས་བཅུའོ། །ཞེས་དང་། དེའི་རང་འགྲེལ་ལས། དེ་འདོད་པའི་ཁམས་ན་སྒྲ་ཡང་མེད་དབང་པོ་ཡང་མེད་པ་ཞིག་ཡིན་ན་ནི་རྫས་བརྒྱད་དང་ལྡན་པར་སྐྱེ་སྟེ། གང་ཡང་རུང་བ་ཞིག་མེད་པར་ནི་མ་ཡིན་ནོ། །རྫས་བརྒྱད་ནི་འབྱུང་བ་ཆེན་པོ་བཞི་དག་དང༌། རྒྱུར་བྱས་པའི་གཟུགས་བཞི་སྟེ། གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །