9920

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རམས་པ
Tibetan Definition དགེ་བཤེས་ཆུང་ཁག་གི་གྲས་ཤིག རྒྱལ་མཆོག་ལྔ་པ་ཆེན་པོས་ཀྱང་རྡོ་རམས་པའི་མཚན་བཏགས་བཞེས་གནང་བ་རེད་ཅེས་པ་དང་། ཡང་འགའ་ཞིག་གིས་རྡོ་རམས་པའི་ཐོག་མ་རྒྱལ་བ་སྐུ་འཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ཡིན་ཟེར་བ་སོགས་ཀྱང་སྣང་། འབྲས་སྤུངས་ཚོགས་ཆེན་གྱི་རྡོ་བཅལ་སྟེང་རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲི་ཞིག་ཡོད་པ་དེའི་མདུན་ནས་རྡོ་རམས་པའི་དམ་བཅའ་འཇོག་དགོས་ཤིང་། དེ་ལ་དཔགས་ན་སྔོན་མ་ཞིག་ལ་རྒྱལ་དབང་སྐུ་ཕྲེང་ཞིག་གིས་དམ་བཅའ་བཞག་པ་གདོན་མི་ཟའོ། །སེར་བྱེས་མཁས་སྙན་གྲྭ་ཚང་ལྟ་བུ་ཡིན་ན། དགེ་བཤེས་ཆུང་ཁག་གི་གྲས་ལ་གླིང་བསྲེ་དང་རིགས་རམས་པ་གཉིས་མ་གཏོགས་རྡོ་རམས་པའི་ཐ་སྙད་མེད། སྒྲ་བཤད་ནི། འབྲས་སྤུངས་ཚོགས་ཆེན་གྱི་རྡོ་བཅལ་སྟེང་དམ་བཅའ་བཞག་པས་རྡོ་རམས་པ་ཟེར་ཞིང་། རམས་ནི་སྔར་བཤད་པ་ལྟར་རབ་འབྱམས་ཀྱི་བསྡུས་ཚིག་གོ །སྒོ་མང་སོག་པོ་མཁན་ཟུར་ངག་དབང་ཉི་མའི་གསུང་འབུམ་ཐོར་བུའི་ནང་དེའི་སྐོར་གསལ་ལོ། །