9925

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྒྱུས
Tibetan Definition 2 དབྱུག་པ་སོགས་ལ་བརྒྱུས་པའི་རྡོའམ་ཤིང་ལས་གྲུབ་པའི་གྲངས་ཀ་འདྲེན་བྱེད་ཀྱི་རྩིས་རྡེལ་གྱི་མིང་ཡིན་པར་སྙམ། ཡང་། ཤོག་བུ་སོགས་ཀྱི་སྟེང་དུ་རྩིས་ཐོ་འགོད་པའི་དོན་ལའང་འཇུག་པར་སེམས་སོ། །འདུལ་བ་ལུང་ཕྲན་ཚེགས་སྟོད་ཆ་༼ ཐ་པ ༽༡༢བ༥ལས། གཅེར་བུ་པ་དེ་རྩིས་མཁས་པ་ཞིག་སྟེ། རྡོ་རྒྱུས་ཁ་དོག་དཀར་པོ་བླངས་ནས་བརྩིས་པ་དང་། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ལུང་བསྟན་པ་དེ་ཐམས་ཅད་དེ་ཁོ་ན་བཞིན་དུ་མཐོང་ནས། ཞེས་གསུངས་པ་ལྟར་རོ། །འདུལ་བ་ལུང་གཞི་༼ ཀ ༽ལས་ཀྱང་། དེ་དག་ཀྱང་ས་སྒྲེ་བོ་ལ་ཉལ་ཞིང་འཁོད་ནས་སྨྲས་པ། དགའ་བོ་ཉེ་དགའ་ལོངས་ལ་རྡོ་རྒྱུས་ལོང་ཤིག་དང་གྲངས་འདེབས་སུ་གཞུག་གོ །དེ་དག་གིས་ཇི་ཙམ་ན་བདག་ཅག་ས་སྒྲེ་བོ་ལ་ཉལ་བར་མཐོང་ནས་དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ལ་མངོན་པར་དད་པ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་མཆོད་པ་བྱེད་པ་ཞིག་བདག་ཅག་གིས་མཐོ་བཙམས་ནས་གཙུག་ལག་ཁང་མི་སྣང་བར་བྱས་ཏེ་སོང་བ་དེ་ལྷའམ། ཞེས་སོགས་གསུངས། དེའི་ཐད་ཀྱི་འདུལ་བ་གཞིའི་རྒྱ་ཆེར་འགྲེལ་པ་༼ ཙུ ༽༢༩༤བ༤ལས། རྡོ་རྒྱུས་ཞེས་བྱ་བ་ནི་ཤོད་རིས་བྲི་བའོ།།ཞེས་གསུངས་པ་འདིའི་དོན་གང་ཡིན་དཔྱད་པར་འཚལ་ལོ། །