9985

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེའི་གནས་བདུན
Tibetan Definition (ཕར་ཕྱིན) རྒྱུད་བླ་མ་ལས་གསུངས་པའི་རྡོ་རྗེའི་གནས་སམ་རྟོགས་དཀའ་བས་གནས་བདུན་ནི། སངས་རྒྱས། ཆོས། དགེ་འདུན། ཁམས། བྱང་ཆུབ། ཡོན་ཏན། འཕྲིན་ལས་དང་བདུན་ནོ། །རྒྱུད་བླ་མ་ལས། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང༌། །ཡོན་ཏན་སངས་རྒྱས་འཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་སོ། །དེ་དག་རེ་རེ་ལ་དོན་དམ་དང་ཀུན་རྫོབ་ཀྱི་ཆ་རེ་རེ་ཡོད་དེ། དོན་དམ་པའི་སངས་རྒྱས། གཞན་རྒྱུད་ཀྱི་ཆོས་སྐུ ཀུན་རྫོབ་པའི་སངས་རྒྱས། གཞན་རྒྱུད་ཀྱི་གཟུགས་སྐུ དོན་དམ་པའི་ཆོས། འགོག་ལམ ཀུན་རྫོབ་པའི་ཆོས། དེ་བརྗོད་བྱར་བྱེད་པའི་གསུང་རབ དོན་དམ་པའི་དགེ་འདུན། རིག་གྲོལ་གྱི་ཡོན་ཏན ཀུན་རྫོབ་པའི་དགེ་འདུན། འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་རུང་གི་ནུས་པ དོན་དམ་པའི་བྱང་ཆུབ། རང་རྒྱུད་ཀྱི་ཆོས་སྐུ ཀུན་རྫོབ་པའི་བྱང་ཆུབ། རང་རྒྱུད་ཀྱི་གཟུགས་སྐུ ཡོན་ཏན་དོན་དམ། སྟོབས་སོགས་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས འཕྲིན་ལས་དོན་དམ། བྱ་གྲུབ་ཡེ་ཤེས ཀུན་རྫོབ་པའི་འཕྲིན་ལས། དེ་བརྗོད་བྱར་བྱེད་པའི་གསུང་རབ སྒྲ་བཤད་ནི། གོང་དུ་བཤད་པའི་དོན་རྣམ་པ་བདུན་ནི། རྟོགས་དཀའ་བའི་ཕྱིར་རྡོ་རྗེ་དང༌། ཤེས་པར་བྱ་བ་ཡིན་པའི་ཕྱིར་གནས་ཏེ། རྟོགས་དཀའ་བའི་གནས་བདུན་ཞེས་པའོ། །