11337

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ས་སྐྱའི་གདན་རབས།
Tibetan Alternate
Tibetan Definition འཁོན་དཀོན་མཆོག་རྒྱལ་པོས་རབ་བྱུང་དང་པོའི་ཆུ་གླང་ལོར་ས་སྐྱ་དགོན་པ་བཏབ་སྟེ། གདན་ས་བཟུང་། རབ་བྱུང་གཉིས་པའི་ཆུ་རྟ་ལོར་གཤེགས་། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱི་གདན་ཚབ་མཛད། དེ་ནས་ལྕགས་ཡོས་ལོ་ནས་ས་ཆེན་ཀུན་དགའ་སྙིང་པོ་ལོ་ཞེ་བདུན། རབ་བྱུང་གསུམ་པའི་ས་སྟག་ལོ་ནས་བསོད་ནམས་རྩེ་མོ། ཆུ་འབྲུག་ལོ་ནས་གྲགས་པ་རྒྱལ་མཚན། རབ་བྱུང་བཞི་པའི་མེ་བྱི་ལོ་ནས་ས་པཎ་ཀུན་དགའ་རྒྱལ་མཚན། ལྕགས་ཕག་ལོ་ནས་འགྲོ་མགོན་འཕགས་པས་གདན་ས་མཛད་ཀྱང་རྒྱལ་སར་བྱོན་པའི་ཤུལ་དུ་གཅུང་པོ་ཕྱག་ནས་སྐུ་ཚབ་མཛད། རབ་བྱུང་ལྔ་པའི་ས་འབྲུག་ནས་དྷརྨ་པཱ་ལས་ལོ་བདུན། མེ་ཕག་ནས་ཤར་པ་འཇམ་དབྱངས་བཞི་ཐོག་པས་ལོ་བཅོ་བརྒྱད། ཤིང་འབྲུག་ནས་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱིས་ལོ་བཅུ་དགུ། ཆུ་ཕག་ནས་བར་སྟོང་ལོ་གསུམ། ཤིང་གླང་ནས་མཁས་བཙུན་ཆེན་པོས་ལོ་བཅུ་དགུ། རབ་བྱུང་དྲུག་པའི་ཤིང་སྦྲུལ་ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ལོ་གསུམ། མེ་ཕག་ནས་ཏཱ་དབེན་བློ་གྲོས་རྒྱལ་མཚན་གྱིས་གདན་ས་མཛད་པའི་ལོ་གསུམ་པ་ལ་ས་སྐྱ་པའི་སྲིད་དབང་ཉམས། ལོ་ངོ་ཉིས་བརྒྱ་དོན་དྲུག་གི་རིང་ལ་གདན་རབས་བཅུ་གསུམ་བྱུང་ཞིང་། དེ་རྗེས་གདུང་རྒྱུད་རིམ་བྱོན་གྱིས་རང་གི་མངའ་རིས་ཙམ་སྐྱོང་བར་གྱུར་རོ།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified) 萨迦法嗣。历任萨迦寺座主。昆‧贡却结波,1073年创建萨迦寺,1102年卒。巴日译师仁钦扎代座主至1111年。萨钦1111-1158任座主四十七年。索南则摩1158-1172任座主。扎巴坚参1172-1216任座主。萨班1216-1251任座主。八思巴1251-1280任座主,八思巴在大都时由其弟恰纳代理。达玛巴剌1280-1286任座主七年。夏尔巴‧嘉样希妥巴1287-1304任座主十八年。达尼钦波‧桑波贝1304-1322任座主十九年。1323-1325虚位三年。克尊钦波1325-1343任座主十九年。喇嘛丹巴1344-1346任座主三年。大元洛追坚参1347年起任座主三年,至1349年萨迦失权。二百七十六年间共十三任,其后法统虽传,仅能自理直属而已。
Chinese (Traditional) 薩迦法嗣。歷任薩迦寺座主。昆‧貢卻結波,1073年建立薩迦寺,1102年卒。巴日譯師仁欽扎代座主至1111年。薩欽1111-1158任座主四十七年。索南則摩1158-1172任座主。扎巴堅參1172-1216任座主。薩班1216-1251任座主。八思巴1251-1280任座主,八思巴在大都時由其弟恰納代理。達瑪巴剌1280-1286任座主七年。夏爾巴‧嘉樣希妥巴1287-1304任座主十八年。達尼欽波‧桑波貝1304-1322任座主十九年。1323-1325虛位三年。克尊欽波1325-1343任座主十九年。喇嘛丹巴1344-1346任座主三年。大元洛追堅參1347年起任座主三年,至1349年薩迦失權。二百七十六年間共十三任,其後法統雖傳,僅能自理直屬而已。
Chinese Definition
Page Number