11914

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསོད་ནམས་རྒྱ་མཚོ།
Tibetan Alternate
Tibetan Definition ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་རབ་བྱུང་དགུ་པའི་ཆུ་ཡོས་ལོར་དབུས་སྟོད་ལུང་ཁང་གསར་གོང་དུ་འཁྲུངས། ལོ་བཞི་པར་དགེ་འདུན་རྒྱ་མཚོའི་ཡང་སྲིད་ལ་ངོས་བཟུང་། རབ་བྱུང་དགུ་པའི་ཆུ་བྱི་ལོར་འབྲས་སྤུངས་དགོན་པའི་མཁན་པོ་མཛད། རབ་བྱུང་དགུ་པའི་ས་རྟ་ལོར་སེ་རའི་མཁན་པོ་མཛད། རབ་བྱུང་བཅུ་པའི་མེ་གླང་ལོར་མཚོ་སྔོན་དང་མདོ་ཁམས་ཕྱོགས་ལ་ཕེབས། ཕེབས་ལམ་ཞོར་དུ་སྐུ་འབུམ་དགོན་པ་བཏབ། རབ་བྱུང་བཅུ་པའི་ལྕགས་འབྲུག་ལོར་མདོ་ཁམས་སུ་བསྐྱོད་ནས་ལི་ཐང་དགོན་པ་བཏབ། སོག་པོ་ཨལ་ཐན་རྒྱལ་པོས་སོག་ཡུལ་དུ་གདན་དྲངས། དགེ་ལུགས་ཀྱི་ཆོས་དར་སྤེལ་བྱས། ཨལ་ཐན་རྒྱལ་པོས་ཏཱ་ལའི་བླ་མ་སྟེ་རྒྱ་མཚོའི་བླ་མ་ཟེར་བའི་གོ་གནས་ཕུལ། དེ་ནས་བཟུང་སྐུ་ཕྲེང་རིམ་པར་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་ཐོགས། རབ་བྱུང་བཅུ་པའི་ས་བྱི་ལོར་ཏཱ་མིང་རྒྱལ་རབས་ཀྱི་གང་མ་དབན་ལིས་ནས་ཏཱ་ལའི་བསོད་ནམས་རྒྱ་མཚོར་ཏཱ་གོ་ཤྲི་དང་གྱོག་ཆིང་ཤྲི་ཟེར་བའི་གོ་གནས་ཕུལ་ནས་པེ་ཅིན་དུ་འབྱོན་དགོས་པའི་བཀའ་ཕབ་ཀྱང་། ཕེབས་མ་ཐུབ་པར་སོག་ཡུལ་ཐུ་མེད་ས་ཆར་འདས།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified) 索南嘉措(1543-1588)。第三世达赖喇嘛。生于前藏堆龙。四岁时被认定为第二世达赖喇嘛根敦嘉措转世。1552年任哲蚌寺堪布,1558年任色拉寺堪布。1577年经青康赴蒙古途中,倡建塔尔寺。1580年倡建理塘寺。后应明顺义王俺答之请,由康入青,俺答赠号达赖喇嘛,译名“海上师”,遂成以后历代转世定名。以后又随俺答前往蒙古地方传播佛教。明万历赠号大国师召往北京,启程前即圆寂于蒙古。
Chinese (Traditional) 索南嘉措(1543-1588)。第三世達賴喇嘛。生於前藏堆龍。四歲時被認定為第二世達賴喇嘛根敦嘉措轉世。1552年任哲蚌寺堪布,1558年任色拉寺堪布。1577年經青康赴蒙古途中,倡建塔爾寺。1580年倡建理塘寺。後應明順義王俺答之請,由康入青,俺答贈號達賴喇嘛,譯名“海上師”,遂成以後歷代轉世定名。以後又隨俺答前往蒙古地方傳播佛教。明萬曆贈號大國師召往北京,啟程前即圓寂於蒙古。
Chinese Definition
Page Number