11956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྲིད་པའི་འཁོར་ལོ།
Tibetan Alternate
Tibetan Definition དགོན་པ་དང་ལྷ་ཁང་ཁག་གི་སྒོ་འཕྱོར་འོག་བྲིས་པའི་རི་མོ་ཞིག་གི་མིང་སྟེ། ཟླུམ་སྐོར་ཕྱི་ནང་བཞི་ཡོད་པའི་དཀྱིལ་དུ་འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་མཚོན་བྱེད་དུ། ཕུག་རོན། སྦྲུལ། ཕག་པ་གསུམ་གྱི་གཟུགས་བརྙན་དང་། དེའི་ཕྱི་ལ་བདེ་འགྲོ་དང་། ངན་འགྲོའི་འགྲོ་ལམ་མཚོན་བྱེད་ལམ་དཀར་ནག་གཉིས། དེའི་ཕྱི་ལ་ཆ་ལྔ་བགོས་པའི་སྟེང་གི་ཆ་གཉིས། ལྷ་དང་མིའི་འཇིག་རྟེན། འོག་གི་ཆ་གསུམ་གྱི་དཀྱིལ་དུ་དམྱལ་བ། གཡས་སུ་དུད་འགྲོ། གཡོན་དུ་ཡི་དྭགས། དེའི་ཕྱི་ལ་རྟེན་འབྲེལ་བཅུ་གཉིས་མཚོན་བྱེད་དུ། ལོང་བ། རྫ་མཁན། སྤྲེའུ། གྲུ་རྫིངས། ཁང་སྟོང་། མི་གཉིས་འོ་བྱེད་པ། མིག་ལ་མདའ་ཕོག་པ། ཆང་འཐུང་བ། ཤིང་ཏོག་ལེན་པ། སྦྲུམ་མ། ཕྲུ་གུ་སྐྱེ་བ། མི་རྒས་པོ་དང་། ཤི་བའི་རོ་བཅས་བྲིས་ཡོད།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified) 生死流转图。藏传佛教寺庙正殿门外侧壁画之一。全图作圆转形,分内外四层。中心层绘鸽、蛇、猪以表贪、瞋、痴;外层分白黑两色表善趣和恶趣;又其外层分上二、下三段共五段,上两段表天界和人界,下三段正中表地狱,右表旁生,左表饿鬼;最外层绘盲人、瓦匠、猴、船、空宅、接吻、眼中箭、饮酒、采果、孕妇、临产、老人和死尸,表十二缘起。
Chinese (Traditional) 生死流轉圖。藏傳佛教寺廟正殿門外側壁畫之一。全圖作圓轉形,分內外四層。中心層繪鴿、蛇、豬以表貪、瞋、痴;外層分白黑兩色表善趣和惡趣;又其外層分上二、下三段共五段,上兩段表天界和人界,下三段正中表地獄,右表旁生,左表餓鬼;最外層繪盲人、瓦匠、猴、船、空宅、接吻、眼中箭、飲酒、採果、孕婦、臨產、老人和死屍,表十二緣起。
Chinese Definition
Page Number