12124

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཧྥ་ལན་བྱ་བ་གཉིས།
Tibetan Alternate
Tibetan Definition དེའི་སྐབས་རྒྱ་གར་ནས་འོད་སྲུང་གི་རིགས་ལས་དགྲ་བཅོམ་པ་མ་ཏངྒི་དང་། པཎྜི་ཏ་བྷ་ར་ན་ཞེས་པ་རྒྱ་གར་ལ་སྒྲ་ཉམས་པས་ཧྥ་ལན་བྱ་བ་གཉིས་ཀྱིས་རྒྱ་ཡུལ་དུ་བསྟན་པ་དར་བའི་དུས་ལ་བབས་པར་གཟིགས་ནས། རྟ་དཀར་པོ་གཅིག་ལ་སྟོན་པའི་བྲིས་ཐང་གཅིག་དང་། ཐེག་པ་ཆེ་ཆུང་གི་མདོ་སྡེ་དུ་མ་རིང་བསྲེལ་བྲེ་གང་དང་བཅས་པ་བཀལ་ནས་བྱོན་པ་དང་། རྒྱ་ཡུལ་ལཱོ་ཡོས་ཁྱིའི་ཞེས་པར་འཛོམས་པས། ཝང་ཙུན་དང་ལྷན་དུ་རྒྱལ་པོ་ཕོ་བྲང་དུ་འབྱོར། རྒྱལ་པོས་བསུ་བ་དང་བཀུར་སྟི་མཛད། རྟེན་རྣམས་རྒྱལ་པོ་ལ་གཟིགས་སུ་ཕུལ་བས་སྟོན་པའི་འདྲ་ཐང་དེ་སྔར་རྒྱལ་པོ་རྨི་ལམ་དུ་བྱུང་བའི་སྐུ་དེ་ཇི་ལྟ་བ་བཞིན་སྣང་བས་རྒྱལ་པོ་ཤིན་ཏུ་དགྱེས། དགྲ་བཅོམ་པས་རྫུ་འཕྲུལ་གྱིས་རྒྱལ་པོ་དད་པར་བྱས། པེའི་མ་ཟི་ཟེར་བའི་ལྷ་ཁང་བཞེངས་ནས་རྒྱ་གར་བ་གཉིས་མཆོད་ཡུལ་དུ་མཛད་པའོ།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified) 竺法兰二人。《土官宗教源流镜史》说,东汉明帝遣王遵等前往西域求法。“当时有迦叶族的阿罗汉摩腾,班智达跋罗那,汉语讹为竺法兰二人,知汉土宏法时至,以白马负一佛的画像,及各种大小乘经典,舍利子一斛等起行,在中天竺月氏国相遇。遂偕王遵至洛阳京城,帝亲礼迎而奉事之。二人献佛像经典,帝观像与梦中所见无异,大悦。阿罗汉后显神通,王生净信,遂建白马寺给二竺僧人居住,供养承事”。
Chinese (Traditional) 竺法蘭二人。《土官宗教源流鏡史》說,東漢明帝遣王遵等前往西域求法。“當時有迦葉族的阿羅漢摩騰,班智達跋羅那,漢語訛為竺法蘭二人,知漢土宏法時至,以白馬負一佛的畫像,及各種大小乘經典,舍利子一斛等起行,在中天竺月氏國相遇。遂偕王遵至洛陽京城,帝親禮迎而奉事之。二人獻佛像經典,帝觀像與夢中所見無異,大悦。阿羅漢後顯神通,王生淨信,遂建白馬寺給二竺僧人居住,供養承事”。
Chinese Definition
Page Number