Drubwang Pema Norbu Rinpoche

From Rangjung Yeshe Wiki - Dharma Dictionary
(Redirected from Drubwang Palchen Dupa)
Jump to navigation Jump to search

གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ།
grub bdang padma nor bu rin po che

Brief Biography

  • The first of the Palyul Drubwang Penor (Pema Norbu) Rinpoches, b.1679-d.1757.

Tibetan Biography

༈ གདན་རབས་གསུམ་པ་གྲུབ་དབང་པདྨ་ནོར་བུ་ནི། དཔལ་ཡུལ་གི་བྱེ་བྲག་ཨ་མཆོག་གི་གྲོང་ལས་བཀྲ་ཤིས་ པའི་གནས་ཆགས་རིལ་ཞེས་པར་རབ་བྱུང་བཅུ་གཅིག་པའི་ས་ལུག་ལ་འཁྲུངས། རཏྣའི་གཏེར་ལུང་ལས། ཀཿ ཐོག་ལྷོ་རུ་ནོར་བུའི་མིང་ཅན་འབྱུང་༔ ཞེས་དང༌། འཇའ་ཚོན་མ་ནིང་གཏེར་ལུང་ལས། ཀཿཐོག་ལྷོ་རུ་ནོར་བུའི་ མིང་༔ ཡ་མཚན་ཤེས་རབ་སྙིང་རྗེར་ལྡན༔ དཔལ་མགོན་ཆོས་དང་འདི་འཕྲད་ན༔ དངོས་གྲུབ་མྱུར་དུ་ཐོབ་པར་ འགྱུར༔ ཞེས་དང༌།གནམ་ཆོས་མ་ནིང་ཆོས་བདག་ཏུ། པདྨ་མ་ཎི་མཚལ་གྱི་མིང་༔ ཞེས་པ་འདི་ཉིད་ལ་ངོས་བཟུང་སྟེ། པཎ་ཆེན་བི་མ་མི་ཏྲ་དང༌། རིག་འཛིན་འཇའ་ཚོན་སྙིང་པོའི་སྤྲུལ་པར་ཞལ་གྱིས་བཞེས། བྱིས་པའི་དུས་ལྷུ་ འབི་ཞེས་པའི་མཚན་ཐོགས། སྐུ་ཆུང་ངུའི་དུས་རྨུགས་སངས་གནས་སུ་རིག་འཛིན་མི་འགྱུར་རྡོ་རྗེའི་གསེར་ཞ་ མཇལ་ཞིང་གནམ་ཆོས་ཀྱི་བཀའ་གཏད་ཐོབ། དགུང་གྲངས་ཉེར་གཅིག་པར་རིག་འཛིན་ཀུན་བཟང་ཤེས་རབ་ མདུན་ནས་ཆོས་བཀའ་ཅི་རིགས་པ་གསན། གཙོ་ཆེ་བ་པདྨ་ལྷུན་གྲུབ་རྒྱ་མཚོ་རྩ་བའི་བླ་མར་བཟུང་ནས་བསྙེན་ པར་རྫོགས། མདོ་སྒྱུ་སེམས་གསུམ། བཀའ་དགོངས། རཏ་གླིང༌། གནམ་ཆོས། འཇའ་ཚོན་སོགས་གདན་ རབས་འདིའི་བཀའ་གཏེར་གྱི་རྒྱུན་གང་ཡོད་བུམ་པ་གང་བྱོའི་ཚུལ་དུ་གསན། ཕྱག་རྫོགས་ཟུང་འཇུག་གི་མྱོང་ ཁྲིད་དང༌། གནམ་ཆོས་སངས་རྒྱས་ལག་འཆང་གི་སྔོན་དངོས་འོད་གསལ་ཐོད་རྒལ་ཁྲ་མུན་གྱི་ཁྲིད་དང་བཅས་པ། ཡོངས་རྫོགས་སུ་གསན་པས་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་ལ་ངེས་ཤེས་འདྲོངས་ཤིང་ལྷུན་གྲུབ་ཐོད་རྒལ་ གྱི་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་ནས། གྲུབ་པའི་གོ་འཕང་མངོན་དུ་གྱུར་པས་གྲུབ་དབང་ཞེས་པའི་མཚན་ ཐོགས། མཁྱེན་རབ་དང་ཆོས་ཀྱི་གསན་རྒྱ་ཤིན་ཏུ་ཆེ། གནས་གསར་བ་ཀུན་དགའ་ལེགས་པའི་འབྱུང་གནས་ དང༌། ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་སོགས་ལས་ཕན་ཚུན་གསར་རྙིང་གི་དབང་ཆོས་གསན་རེས་མང་པོ་མཛད། ཕྱིས་སུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་གདན་དྲངས་ནས་བརྡ་གོར་ཕེབས། ཀུན་བཟང་ཡེ་ ཤེས་ཀྱི་དགོངས་རྫོགས་མཛད། གྲྭ་པ་ཉིས་བརྒྱ་སྐོར་ལ་བསྙེན་རྫོགས་གནང༌། ལྷུ་འབི་བླ་མ་པདྨ་ནོར་བུ་འདི་ ཡིས་འབུལ་ཆེན་མཛད། ཞབས་བརྟན་ཚེ་སྒྲུབ་གསུངས། རཏ་གླིང་ཚེ་སྒྲུབ་ཀྱི་དབང་ཆེན་ཆོས་འབྱུང་དང༌། སྐུ་ མཆེད་ཞྭ་དམར་བཅུ་པ་ཆོས་འགྲུབ་རྒྱ་མཚོ་དང་ལྷན་ལ་ཕུལ། སྐུ་མཆེད་ལྷན་ལ་བླ་མ་དགོངས་འདུས་དབང་ ལུང་ཡོངས་རྫོགས། རཏྣ་སྐོར་རགས་རིམ་དང༌། གནམ་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཕུལ། ཚུར་ལ་འདུས་ པའི་བཤད་པ་སོགས་གསན། གདན་ས་འོག་མ་སྒྲུབ་ཁང་གསར་དུ་བཞེངས་ནས་སྐུ་ཚེ་དང་སྒྲུབ་པ་མཉམ་པར་མཛད། སློ་བཚོགས་ཤིན་ཏུ་མང་བར་འདུས་པས་དབང་ཁྲིད་མན་ངག་རྫོགས་པར་གནང་བས་བསྐྱེད་རྫོགས་དྲོད་ རྟགས་ཐོབ་པ་དང༌། རྟོགས་པའི་རྩལ་རྫོགས་ནས་གྲུབ་པའི་རྟགས་མངོན་གྱུར་དུ་མཐོང་བའི་སློབ་ཚོགས་ཤིན་ཏུ་མང༌། སྡེ་དགེ་ལྷུན་གྲུབ་སྟེང་དུ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་དབུ་བླར་ཕེབས་སྐབས་སུ་དེ་རིང་ཁོང་ནས་རྡོ་རྗེ་ ཕུར་པའི་རྩ་འཆམ་མཛད་དགོས་གསུངས་ནས། ས་སྐྱ་བླ་མ་དམ་པ་ནས་བརྒྱུད་པའི་ས་ལུགས་ཀྱི་རྡོ་རྗེ་ཕུར་པའི་རྩ་འཆམ་སྔོན་ནས་སྦྱངས་གོམས་མ་མཛད་ཀྱང་ཐོལ་བྱུང་གློ་བུར་དུ་མཛད་པའི་ཚེ་ཞབས་ས་ལ་མི་རེག་པ་སྐལ་ལྡན་འགའ་རེས་མཐོང༌། དེ་དུས་ས་སྐྱ་བདག་ཆེན་གྱིས་ཤར་ཕྱོགས་སུ་གཟིགས་ཏེ། དེ་རིང་ཁམས་ཤར་གྱི་ ཕྱོགས་སུ་ས་ལ་གནས་པའི་འཕགས་པ་ཞིག་གིས་རྡོ་རྗེ་ཕུར་པའི་གར་གྱིས་མཐོང་ཐོས་ཀྱི་སེམས་ཅན་དཔག་ མེད་ཐར་པ་ལ་བཀོད་སོང་གསུངས་པ་འདི་དང་དུས་འགྲིགས་སྐད་བྱུང༌། སྡེ་དགེ་ལྕང་རར་བཞུགས་སྐབས་ལ་ ཐུགས་ཆེན་སྒོ་ནས་སྐྱེ་བདུན་རིལ་བུ་བསྒྲུབ་པའི་སྲོལ་ཐོག་མར་གཏོད། ཀུན་མཁྱེན་སི་ཏུ་རིན་པོ་ཆེ་དང༌། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་དེ་དུས་ཀྱི་བླ་ཆེན་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། སློབ་མའི་གཙོ་བོ་བླ་མ་ཀརྨ་བཀྲི་ཤིས། བྲག་སྒང་རྡོ་རྗེ་བཀྲ་ཤིས་སོགས། གྲུབ་པའི་ས་ལ་བཞུགས་པ་མང་དུ་བྱོན། བསྟན་ འགྲོའི་དོན་ཆེན་གྲུབ་ནས་སྐུ་ཚེ་མཐར་ཕྱིན་ནས་དགུང་གྲངས་དོན་དགུར་ཁེལ་བ་ན། ངོ་མཚར་བའི་རྟགས་དང་བཅས་ཏེ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །སྐུ་གདུང་དམ་པ་འདིའི་གཟིམ་ཁང་སྦུག་ཏུ་སྐུ་དམར་གདུང་ཡོད་པ་ཤིང་གི་མཆོད་སྡོང་ཆེན་པོ་ཞིག་བཞུགས་སོ། །ངོ་མཚར་གྲུབ་པའི་ཆུ་གཏེར་ལས། །པདྨ་དཀར་པོའི་སྡོང་པོ་ནི། །མཁས་ཚུལ་བཟང་པོའི་འདབ་བཟང་ཅན། །ནོར་བུའི་དྲི་བསུང་ཐུལ་བ་བྱུང༌། །ཞེས་གདན་རབས་གསུམ་པོའོ།། །།

Main Teachers

Main Students

  • Karma Tashi
  • Dorje Tashi

Main Lineages

Alternate Names & Spellings

Other Reference Sources

  • grub dbang dpal chen 'dus pa rtsal - the first {pad nor rin po che} [RY]
  • dpal chen 'dus pa rtsal - {dpal yul pad nor} the first [RY]
  • dpal yul pad nor - the first; alias {dpal chen 'dus pa rtsal} [RY]

Internal Links

External Links