19357
< Dictionaries | Monlam Grand
Jump to navigation
Jump to search
(CSV import MGD Import Part 2a) |
(No difference)
|
Latest revision as of 11:27, 14 September 2021
Part of speech | གྲོགས་ཚིག |
---|---|
Definition | མིང་གང་ཡང་རུང་བའི་མཐའ་ལ་སྦྱར་ན་ངོ་བོའི་གཤིས་སམ་རང་བཞིན་སྟོན་ཏེ། |
Example | ཆོས་ཉིད། དེ་བཞིན་ཉིད། མེའི་རང་བཞིན་ཚ་བ་ཉིད་ལྟ་བུ། |
{{#arraymap:ཉིད་
|; |@@@ | | }}
Part of speech | གྲོགས་ཚིག |
---|---|
Definition | མིང་གང་ཡང་རུང་བའི་མཐའ་ལ་སྦྱར་ན་གཞན་བཅད་ནས་ངེས་བཟུང་གི་དོན་དུ་འཇུག་སྟེ། |
Example | ང་ཉིད། ཁོང་ཉིད། བདག་ཉིད། ཁོ་རང་ཉིད། |
{{#arraymap:ཉིད་
|; |@@@ | | }}
Part of speech | གྲོགས་ཚིག |
---|---|
Definition | གང་ཟག་གི་ཚབ་ཚིག་གམ། མི་དང་འབྲེལ་བའི་མིང་གི་མགོ་མཇུག་གང་རུང་ལ་སྦྱར་ན་ཞེ་ས་བྱེད་པ་སྟེ། |
Example | ཁྱེད་ཉིད་གང་དུ་ཕེབས་པ་ཡིན། སྐུ་ཉིད་ལྷོད་བཞུགས་གནང་རོགས་ལྟ་བུ། |
{{#arraymap:ཉིད་
|; |@@@ | | }}
Part of speech | གྲོགས་ཚིག |
---|---|
Definition | རྒྱན་ཚིག་དང་མིང་ཚིག་གང་རུང་གི་མཐའ་ལ་སྦྱར་ནས་དེ་ལ་ཕྲད་ཅི་རིགས་སྦྱར་ཚེ། ཙམ་དང་ཁོ་ནའི་དོན་དང་འདྲ་བར་གཅིག་ཚིག་སྟོན་པའི་གྲོགས་ཚིག་ཅིག་སྟེ། |
Example | སྐད་ཅིག་ཉིད་ལ་མཁས་པར་འགྱུར་མི་ཐུབ། སྔ་ཙམ་ཉིད་ནས་སློབ་སྦྱོང་ལེགས་པོ་བྱས་ན་བཟང་ལྟ་བུ། |
{{#arraymap:ཉིད་
|; |@@@ | | }}
Part of speech | ཚབ་ཚིག |
---|---|
Definition | ཁྱེད་ཅེས་པ་དང་དོན་གཅིག་སྟེ། |
Example | ཉིད་ཀྱི་དགོངས་པ་བཞིན་དུ་བསྒྲུབ་ངེས་ཡིན་ལྟ་བུ། |
Type | ཞེ་ས། |
{{#arraymap:ཉིད་
|; |@@@ | | }}