9360
Jump to navigation
Jump to search
(CSV import of sgom sde tshig mdzod chenmo) |
(No difference)
|
Latest revision as of 15:17, 26 May 2022
| རོ་གཅིག་པ | |
| Tibetan Definition | 2 ཕན་བདེའི་རོ༵་ལ་རྩེ་གཅི༵ག་ཏུ་གཞོལ་བ་ཞེས་པའི་ཚིག་སྣ་བསྡུས་པའོ། །སློབ་དཔོན་དཔའ་བོའི་ཕར་ཕྱིན་བསྡུས་པ་ལས། འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱས་ཤིང༌། །ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པ་ལ། །གཞན་ཕན་རོ་གཅིག་ (ཕན་བདེའི་རོ༵་ལ་རྩེ་གཅི༵ག་ཏུའམ་མཐའ་གཅིག་ཏུ་གཞོལ་བའི) རང་བཞིན་དེ་དག་འཇུག །ཅེས་གསུངས་པ་ལྟར་རོ། །ཚིག་རྐང་ཐ་མའི་རོ་གཅིག་གི་འགྲེལ་བཤད་དེའི་ཁུངས་ནི། སློབ་སྤྲིང་ལས། དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །ཞེས་གསུངས་པ་དེ་ཡིན་ནོ། ། |
|---|---|