Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ཉོན་མོངས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཏེ། ཟས་ཀྱི་དབང་དུ་བྱས་པ་གསུམ། གོས་ཀྱི་དབང་དུ་བྱས་པ་གསུམ། གནས་མལ་གྱི་དབང་དུ་བྱས་པ་དྲུག་ཡོད་པའི་ཕྱིར། དང་པོ་གསུམ་ཡོད་དེ། བསོད་སྙོམས་པ་དང༌། སྟན་གཅིག་པ། ཟས་ཕྱིས་མི་ལེན་པ་རྣམས་དེ་ཡིན་པའི་ཕྱིར། དང་པོ་ལ་རྙེད་པས་ཆོག་པའི་བསོད་སྙོམས་པ་དང་། མཐར་གྱིས་སློང་བའི་བསོད་སྙོམས་པ་གཉིས་སུ་ཕྱེ་ནས་སྦྱངས་པའི་ཡོན་ཏན་བཅུ་གསུམ་དུ་བྱས་པ་ཡང་ཡོད་དོ། གོས་ཀྱི་དབང་དུ་བྱས་པ་གསུམ་ཡོད་དེ། ཆོས་གོས་གསུམ་བ་དང༌། ཕྱིང་བ་པ་དང༌། ཕྱག་དར་ཁྲོད་པ་གསུམ་དེ་ཡིན་པའི་ཕྱིར། གནས་མལ་གྱི་དབང་དུ་བྱས་པ་དྲུག་ཡོད་དེ། དགོན་པ་བ་དང༌། ཤིང་དྲུང་པ་དང༌། བླ་གབ་མེད་པ་དང༌། དུར་ཁྲོད་པ་དང༌། ཅོག་བུ་པ་དང༌། གཞི་ཇི་བཞིན་པ་རྣམས་དེ་ཡིན་པའི་ཕྱིར། ཁ་ཅིག་ཕྱི་མ་གཉིས་སྤྱོད་ལམ་གྱི་དབང་དུ་བྱས་པར་མཛད་ནས་གནས་མལ་གྱི་དབང་དུ་བྱས་པ་བཞི་ཡིན་ཞེས་ཟེར། དེ་དག་སོ་སོའི་ངོ་བོ་ཡོད་དེ། རྙེད་པས་ཆོག་པའི་བསོད་སྙོམས་པ་ནི། འདྲེས་པའི་ཁྱིམ་ནས་ཟས་ཇི་ཙམ་རྙེད་པ་ཙམ་ཟ་བར་བྱེད་པ་ཡིན་ལ། མཐར་གྱིས་སློང་བའི་བསོད་སྙོམས་པ་ནི། ཁྱིམ་རྣམས་སུ་རིམ་གྱིས་བརྒྱུས་ཏེ་བསོད་སྙོམས་ཇི་ཙམ་རྙེད་པ་ཟ་བར་བྱེད་ཀྱི། བདག་གིས་འདི་ནས་བཟའ་བ་དང་བཅའ་བ་བཟང་པོ་འཐོབ་བོ་སྙམ་ནས། མགོ་འཕང་བསྟོད་དེ་མི་འགྲོ་བའོ། སྟན་གཅིག་པ་ནི། སྟན་གཅིག་པོ་དེ་ལ་འདུག་ནས་ཇི་ཙམ་ཟ་བ་དེ་ཙམ་དུ་ཟ་བར་བྱེད་ཀྱི། དེ་ལས་ལངས་ནས་མི་ཟ་བའོ། ཟས་ཕྱིས་མི་ལེན་པ་ནི། ཟས་ཀྱི་ཕྱིར་འདུག་ནས་ཇི་ཙམ་གྱིས་བདག་འཚོ་བའི་ཟས་ཐམས་ཅད་མ་བླངས་ཀྱི་བར་དུ་མི་ཟ་ཞིང་འདིས་འཚོའོ་སྙམ་པ་དང་ཐམས་ཅད་ཅིག་ཆར་བླངས་ན་ཟ་བའོ། ཆོས་གོས་གསུམ་པ་ནི། སྣམ་སྦྱར། བླ་གོས། མཐང་གོས་གསུམ་གྱིས་འཚོ་བར་བྱེད་ཅིང་དེ་ལས་ལྷག་པའི་གོས་མི་འཆང་བ་དང་། ཕྱིང་བ་པ་ནི། ཆོས་གོས་གསུམ་མམ་གོས་ལྷག་ཅི་འཆང་བ་ཐམས་ཅད་བལ་ལས་བྱས་པ་ཤ་སྟག་འཆང་གི་དེ་ལས་གཞན་མི་འཆང་བ་དང་། ཕྱག་དར་ཁྲོད་པ་ནི། ལམ་པོ་ཆེ་ལ་སོགས་པར་བོར་བའི་གོས་གཤང་གཅི་སོགས་ཀྱིས་རེག་པ་མི་གཙང་བ་རྣམས་བོར་ཏེ་རུང་བ་བླངས་ཏེ་བཀྲུས་དྲུབ་ཁ་དོག་བཟང་བོར་བསྒྱུར་ནས་འཆང་བར་བྱེད་པ་དང་། དགོན་པ་བ་ནི། གྲོང་དང་གྲོང་རྡལ་ལ་སོགས་པས་དབེན་པའི་དགོན་པ་དང་ནགས་འདབ་ལ་སོགས་པར་གནས་པ་དང་། ཤིང་དྲུང་པ་ནི། ཤིང་ལྗོན་པའི་དྲུང་དུ་གནས་འཆའ་ཞིང་བརྟེན་པར་བྱེད་པ་དང༌། བླ་གབ་མེད་པ་ནི། སྟེང་གི་ཐོག་མ་བཀབ་ཅིང་མ་གཡོགས་པའི་ཕྱོགས་སུ་གནས་འཆའ་བར་བྱེད་པ་དང༌། དུར་ཁྲོད་པ་ནི། གང་དུ་སྐྱེ་བོ་ཤིའོ་ཅོག་འདོར་བའི་དུར་ཁྲོད་དུ་གནས་འཆའ་བར་བྱེད་པ་དང་། ཅོག་བུ་པ་ནི། ཁྲིའམ། ཁྲིའུའམ། རྩྭའི་སྟེང་དུ་ཅོག་བུར་འདུག་སྟེ་ཁྲི་ལ་སོགས་པ་ལ་རྒྱབ་བམ་གློས་མི་བརྟེན་པ་དང་། གཞི་ཇི་བཞིན་པ་ནི། རྩྭ་དང་ལོ་མ་ལ་སོགས་པ་བཏིང་བ་མལ་ལ་འཆའ་ཞིང་ལན་ཅིག་ཇི་ལྟར་བཏིང་བ་ལ་མལ་འཆའ་བར་བྱེད་ཀྱི། ཡང་དང་ཡང་དུ་མི་བརྗེ་ཞིང་མི་འཆོས་པའོ། དེ་དག་ནི་ཉན་ཐོས་ཀྱི་ས་ལས་ཇི་ལྟར་འབྱུང་བ་བཞིན་ཡིན་ནོ། ཡང་ཞིང་པ་བ་མ་གཏོགས་པ་རྣམས་ལ་ཆུང་ངུ་། འབྲིང་། ཆེན་པོ་གསུམ་གསུམ་ཡོད་དེ། བསོད་སྙོམས་པ་ལ་གསུམ་ལས། པར་གནས་པ་དང་། ། ཆེན་པོ་ནི། སྟེང་གི་ངོས་ཐམས་ཅད་མ་གཡོགས་པར་གནས་པའོ། དུར་ཁྲོད་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། སྔོན་དུར་ཁྲོད་ཡིན་ལ་ད་ལྟ་དུར་ཁྲོད་མ་ཡིན་པར་གནས་པ་དང༌། ། འབྲིང་ནི། རོ་ཅུང་ཟད་སྐྱེལ་བའི་སར་གནས་པ་དང་། ཆེན་པོ་ནི། སྐྱེ་བོ་ཤིའོ་ཅོག་སྐྱེལ་པའི་སར་གནས་པའོ། ཅོག་བུ་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ངོས་གཉིས་བསྙེས་ནས་གནས་པ་དང༌། འབྲིང་ནི། ངོས་གཅིག་བསྙེས་ནས་གནས་པ་དང༌། ཆེན་པོ་ནི། ངོས་ཐམས་ཅད་མ་བསྙེས་པར་གནས་པའོ། གཞི་ཇི་བཞིན་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ། ལན་གསུམ་དུ་མལ་འཆའི། གཞན་མི་བྱེད་པ་དང༌། འབྲིང་ནི། ལན་གཉིས་སུ་མལ་འཆའི། གཞན་མི་བྱེད་པ་དང་། ཆེན་པོ་ནི། ལན་གཅིག་སྟན་བཏིང་བ་ལ་མལ་འཆའི། ཡང་དང་ཡང་དུ་མི་བརྗེ་མི་འཆོས་པའོ། དེ་དག་ལ་ཅིའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། དཔེར་ན་བལ་མ་སྨེལ་བ་དེའི་ཚེ་སྐུད་པ་མི་རུང་ལ་སྨེལ་ནས་རུང་བ་བཞིན་དུ་བསོད་སྙོམས་དང་ཆོས་གོས་དང་གནས་མལ་ལ་ཆགས་པའི་ཚེ་སེམས་ལས་སུ་མི་རུང་ལ། ཡོན་ཏན་འ་དི་དག་གིས་ཚངས་སྤྱོད་གནས་པར་བྱ་བའི་ཕྱིར་སེམས་ལས་རུང་དུ་སྦྱོར་བར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། ཆེན་པོ་ནི། ཆོས་གོས་གསུམ་ཙམ་འཆང་གི་དེ་ལས་ལྷག་པ་མི་འཆང་པའོ།། ཕྱག་དར་ཁྲོད་པ་ལ་ཡང་གསུ་མ་ལས། ཆུང་ངུ་ནི། བྱི་བས་ཟོས་པ་ཚིག་པ་དུམ་བུར་བཅད་པ་གཞན་གྱིས་རང་གི་ཆེད་དུ་བྱས་པ་ལེན་པ་དང་། འབྲིང་ནི། རང་གི་ཆེད་དུ་བྱས་པ་མི་ལེན་པར་མ་ངེས་པར་བོར་བ་ལེན་པ་དང༌། ཆེན་པོ་ནི། དེ་དག་ལེན་པར་དུར་ཁྲོད་དང་ཕྱག་དར་ཁྲོད་དང་ལམ་པོ་ཆེར་ལྷུང་བ་ལེན་པ། དགོན་པ་བ་ལ་ཡང་གསུམ་ལས། ཆུང་ངུ་ནི། གྲོང་ལས་གཞུ་འདོམ་ལྔ་བརྒྱས་བཅད་པའི་སར་གནས་པ་དང༌། འབྲིང་ནི་གྲོང་ལས་གཞུ་འདོམ་སྟོང་ཕྲག་གཉིས་ཀྱིས་བཅད་པའི་སར་གནས་པ་དང༌། ཆེན་པོ་ནི། གྲོང་ལས་གཞུ་འདོམ་སྟོང་ཕྲག་བརྒྱད་ཀྱིས་བཅད་པའི་སར་གནས་པའོ། ཤིང་དྲུང་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ཤིང་དྲུང་ངོས་བཞི་བོ་ཐམས་ཅད་སྐྱོར་བར་གནས་པ་དང༌། འབྲིང་ནི། དེར་ངོས་ཅུང་ཟད་སྐྱོར་བར་གནས་པ་དང༌། ཆེན་པོ་ནི། དེར་ངོས་ཐམས་ཅད་མ་སྐྱོར་བར་གནས་པའོ། བླ་གབ་མེད་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། སྟེང་གི་ངོས་གསུམ་གཡོགས་ལ་གཅིག་མ་གཡོགས་པར་གནས་པ་དང༌། འབྲིང་ནི། སྟེང་གི་ངོས་གཅིག་གཡོགས་ལ་གསུམ་མ་གཡོགས་པར་གནས་པ་དང་། ཆེན་པོ་ནི། སྟེང་གི་ངོས་ཐམས་ཅད་མ་གཡོགས་པར་གནས་པའོ། ། དུར་ཁྲོད་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ། སྔོན་དུར་ཁྲོད་ཡིན་ལ་ད་ལྟ་དུར་ཁྲོད་མ་ཡིན་པར་གནས་པ་དང༌། འབྲིང་ནི། རོ་ཅུང་ཟད་སྐྱེལ་བའི་སར་གནས་པ་དང༌། ཆེན་པོ་ནི། སྐྱེ་བོ་ཤིའོ་ཅོག་སྐྱེལ་པའི་སར་གནས་པའོ། ཅོག་བུ་བ་ལ་ཡང་གསུམ་ལས། ཆུང་ངུ་ནི། ངོས་གཉིས་བསྙེས་ནས་གནས་པ་དང་། འབྲིང་ནི། ངོས་གཅིག་བསྙེས་ནས་གནས་པ་དང༌། ཆེན་པོ་ནི། ངོས་ཐམས་ཅད་མ་བསྙེས་པར་གནས་པའོ། གཞི་ཇི་བཞིན་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ལན་གསུམ་དུ་མལ་འཆའི། གཞན་མི་བྱེད་པ་དང་། འབྲིང་ནི། ལན་གཉིས་སུ་མལ་འཆའི། གཞན་མི་བྱེད་པ་དང་། ཆེན་པོ་ནི། ལན་གཅིག་སྟན་བཏིང་བ་ལ་མལ་འཆའི་། ཡང་དང་ཡང་དུ་མི་བརྗེ་མི་འཆོས་པའོ། དེ་དག་ལ་ཅིའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། ། དཔེར་ན་བལ་མ་སྨེལ་བ་དེའི་ཚེ་སྐུད་པ་མི་རུང་ལ་སྨེལ་ནས་རུང་བ་བཞིན་དུ་བསོད་སྙོམས་དང་ཆོས་གོས་དང་གནས་མལ་ལ་ཆགས་པའི་ཚེ་སེམས་ལས་སུ་མི་རུང་ལ། ཡོན་ཏན་འ་དི་དག་གིས་ཚངས་སྤྱོད་གནས་པར་བྱ་བའི་ཕྱིར་སེམས་ལས་རུང་དུ་སྦྱོར་བར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ།
མིང་གཞིའི་ཡི་གེ་སུམ་ཅུ་ཐམ་པའི་ནང་ནས་ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་བཅུ་གཉིས་ནི་མིང་གཞིའི་མོ་ཡིག་བཅུ་གཉིས་སོ། +
དང་པོ། དགའ་ལྡན་ནས་འཛམ་གླིང་དུ་གཤེགས་པའི་མཛད་པ་སྟེ། མིང་ལ་ལྷ་ནས་འཕོ་བའི་མཛད་པ་ཟེར། གཉིས་པ། ལྷུམས་སུ་ཞུགས་པ་ནི་ཡུམ་གྱི་རྨི་ལམ་དང་མཐུན་པར་གླང་པོ་ཆེའི་གཟུགས་ཀྱིས་མངལ་རུམ་དུ་ཞུགས་པ་ལ་ཟེར། གསུམ་པ། སྐུ་བལྟམས་པ་ནི། ཡུམ་གྱི་ཕྱག་གཡས་པའི་མཆན་ཁུང་འོག་ནས་འཁྲུངས་པའི་མཛད་པ། བཞི་པ། སྒྱུ་རྩལ་ལ་མཁས་པའི་མཛད་པ་ནི་ཡི་གེ་དང་རྩིས་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པའི་མཛད་པ། ལྔ་པ། བཙུན་མོའི་འཁོར་དུ་རོལ་བའི་མཛད་པ་ནི་བཙུན་མོ་གྲགས་འཛིན་མ་སོགས་བཙུན་མོའི་འཁོར་དྲུག་ཁྲི་ཙམ་བཞེས་པ་ཡིན་ཟེར། དྲུག་པ། རབ་ཏུ་བྱུང་བའི་མཛད་པ་ནི། རྒྱལ་པོའི་ཁྲི་ལ་ཕེབས་ཁར་བྲོས་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་དབུ་སྐྲ་བཅད་ནས་རབ་ཏུ་བྱུང་བ། བདུན་པ། ཆུ་བོ་ནཻནེ་ཛ་ཉྣའི་དྲུང་དུ་ལོ་དྲུག་གི་བར་ཟས་ཁམ་གང་དང༌། བཏུང་བ་ཧུབ་གཅིག་ཀྱང་མ་གསོལ་བར་ཏིང་ངེ་འཛིན་སྒོམ་ནས་བཞུགས་པ་ལ། དཀའ་བ་སྤྱད་པའི་མཛད་པ་ཟེར། བརྒྱད་པ། བྱང་ཆུབ་སྙིང་བོར་གཤེགས་པའི་མཛད་པ་ནི་དཀའ་བ་སྤྱད་པ་རྐྱང་པས་སངས་རྒྱས་མི་ནུས་པར་མཁྱེན་ནས་བ་སྟོང་གི་འོ་མ་བཞེས་ཤིང་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་གཤེགས་པའི་མཛད་པ། དགུ་པ། སངས་རྒྱས་པའི་མཛད་པ་ནི། རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་སྒྲིབ་པ་གཉིས་སྤངས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་མཛད་པ། བཅུ་པ། ཆོས་འཁོར་བསྐོར་བའི་མཛད་པ་ནི། འཁོར་གྱི་ཐོག་མ་སྡེ་ལྔ་ནས་བཟུང་ལྷ་མི་བྱེ་བ་མང་པོར་ལོ་ཞེ་དྲུག་གི་བར་ཆོས་གསུངས་པའི་མཛད་པ། བཅུ་གཅིག་པ། ཆོ་འཕྲུལ་སྟོན་པའི་མཛད་པ་ནི། མུ་སྟེགས་སྟོན་པ་དྲུག་གིས་ཕྲག་དོག་བྱས་ཏེ་ཆོ་འཕྲུལ་གྱི་འགྲན་བསྡུར་བྱེད་དགོས་པར་བསྐུལ་བ་བཞིན་སྟོན་པ་དྲུག་ཆོ་འཕྲུལ་གྱིས་ཕམ་པར་མཛད་པའི་མཛད་པ། བཅུ་གཉིས་པ། མྱ་ངན་ལས་འདས་པའི་མཛད་པ་ནི། དགུང་ལོ་བརྒྱད་ཅུ་བཞེས་པ་ན། བལ་པོའི་ཡུལ་དང་རྒྱ་གར་གྱི་མཚམས་རྩ་མཆོག་གྲོང་དུ་སྐུ་གཤེགས་ཁར། ཉན་ཐོས་ཆེན་པོ་བཅུ་དྲུག་ལ་སྟོན་པ་རང་གི་རྒྱལ་ཚབ་ཏུ་བསྐོས་ནས་སྐུ་གཤེགས་པའི་མཛད་པ། +
གསལ་བྱེད་སུམ་ཅུའི་ནང་ནས་ཀ་ཁ་ག་ཉ་ད་ཚ་ཞ་ཟ་ར་ལ་ཤ་ཧ་བ་ཅུ་གཉིས་ནི་ཝ་བཏགས་ཅན་གྱི་ཡི་གེ་བཅུ་གཉིས་སོ། ཝ་བཏགས་ཅན་ནི་རང་འདྲའི་ཡི་གེ་གཞན་དང་མི་ནོར་བའི་ཆེད་དུ་འདོགས་པ་ཡིན་ལ། ཝ་བཏགས་དང་ཝ་ཟུར་དོན་གཅིག +
རྩ་བའི་རྒྱུད་བརྟག་གཉིས། བཤད་པའི་རྒྱུད་རྡོ་རྗེ་གུར། མན་ངག་གི་རྒྱུད་རྡོ་རྗེ་སམ་བྷུ་ཊིའོ། +
ཀ་ཁ་ག་ཉ་ད་ཚ་ཞ་ཟ་ར་ལ་ཤ་ཧ་སྟེ་བཅུ་གཉིས། +
སྔར་ཏཱ་ལའི་བླ་མ་ལྔ་བ་ནས་བོད་ལ་དབང་སྒྱུར་བྱེད་སྐབས་ཞལ་ལྕེ་བཅུ་གསུམ་ནང་གི་སྣེ་མོ་ལས་འཛིན་གྱི་ཞལ་ལྕེ་དོར་ནས་ཞལ་ལྕེ་བཅུ་གཉིས་སུ་གཏན་ལ་ཕབ་པའི་ཁྲིམས་ལུགས་དོན་ཚན་བཅུ་གཉིས། +
1. གཅན་གཟན་གྲ་ཐོན་པས་སྟག་ཟླ། 2. རི་བོང་འཁྱམས་ཤིང་ས་ཁ་འབྱེད་པས་ཡོས་ཀྱི་ཟླ། 3. འབྲུག་རང་སྐད་འདོན་སྒྲོག་པས་འབྲུག་ཟླ། 4. སྦྲུལ་ཤུབས་ནང་ལྡངས་པས་སྦྲུལ་ཟླ། 5. རྟ་སྤུ་འཐུལ་བས་རྟ་ཟླ། 6. ལུག་སོས་སྤང་ལ་གྲམ་པས་ལུག་ཟླ། 7. སྤྲེའུས་ཤིང་ཐོག་བསྙབས་པས་སྤྲེའུ་ཟླ། 8. བྱ་མ་བུ་མཉམ་པས་བྱ་ཟླ། 9. ཁྱི་རྩ་ལྡངས་པས་ཁྱི་ཟླ། 10. ཕག་སྣ་རྒྱང་པས་ཕག་ཟླ། 11. བྱི་བས་བྲུན་བསོགས་པས་བྱི་བའི་ཟླ་བ། 12. གླང་བྲེས་ན་འཁུན་པས་གླང་གི་ཟླ་བའོ། +
འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་སྐབས་ཀྱི་བཟླས་པ་བཅུ་གཉིས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། འདི་ནི་འགོག་པ་འཕགས་པའི་བདེན་པའོ། ། འདི་ནི་ལམ་འཕགས་པའི་བདེན་པའོ། ཞེས་ངོ་བོ་ལ་བཟླས་པ་དང་། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ་ཞེས་བྱེད་པ་ལ་བཟླས་པ་དང༌། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་སྒོམ་པར་བྱ་སྟེ་སྒོམ་པར་བྱར་མེད་ཅེས་བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་རྣམས་སོ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། ཤེས་པ་སྐྱེས་སོ། རིག་པ་སྐྱེས་སོ། བློ་སྐྱེས་སོ་ཞེས་གསུངས་པ་ལྟར་མིག་སོགས་སྐྱེས་ཤིང་། དེ་བཞིན་དུ་བཟླས་པ་གཞན་གཉིས་ལ་འདི་འདྲ་བའི་བློ་བཞི་བཞི་སྐྱེས་པས་ན་བཟླས་པ་རྣམ་པ་བཅུ་གཉིས་ཀྱི་དོན་དུ་འཇོག་པའི་ཕྱིར་དང་། སོ་སོར་ཕྱེ་ན་ཞེ་བརྒྱད་དུ་ཡང་འགྱུར་རོ། འཇམ་དཔལ་མཚན་བརྗོད་ལས། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཞེས་པ་ཡང་བཟླས་པ་རྣམ་པ་བཅུ་གཉིས་པོ་འདི་ཉིད་ལ་བྱེད་པར་སྣང་ངོ་། +
གསལ་བྱེད་སུམ་ཅུའི་ནང་ནས་ཀ་ག་ང་ཇ་ཉ་ཏ་ད་ན་བ་མ་ཙ་ཛ་བཅས་ནི་ར་མགོ་ཅན་བཅུ་གཉིས་སོ། +
བྱི་བ། གླིང་། སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེའུ། བྱ། ཁྱི། ཕག་རྣམས་སོ། +
འོ་སྐོར་བཅུ་གཉིས་དང་དོན་གཅིག +
1. ཀྲོའུ་ཝུ་ཝང་། 2. ཀློའུ་ཁྲེང་ཝང་། 3. ཀྲོའུ་ཁང་ཝང་། 4. ཀྲོའུ་ཀྲའོ་ཝང་། 5. ཀློའུ་མུའུ་ཝང་། 6. ཀློའུ་ཀུང་ཝང་། 7. ཀྲོའུ་དབྱི་ཝང་། 8. ཀྲོའུ་ཤའོ་ཝང་། 3. ཀྲོའུ་ཡི་ཝང་། 10. ཀྲོའུ་ལི་ཝང༌། 11. ཀྲོའུ་ཞོན་ཝང་། 12. ཀྲོའུ་ཡོའུ་ཝང༌། བཅས་ཀྱིས་སྤྱི་ལོའི་གོང་གི་1066-771 བར་ལོ་གྲངས་ 296རིང་སྲིད་དབང་བཟུང་། སྐབས་དེའི་ས་ཞིང་དབང་བའི་ལམ་ལུགས་ནི་སྐབས་དེའི་རྒྱལ་ཡོངས་ཀྱི་ས་ཞིང་རྣམས་བྲན་གཡོག་བདག་པོའི་རྒྱལ་པོ་ལ་དབང་བོ་དང༌། རྒྱལ་པོ་མངའ་འོག་གི་བློན་པོ་རྣམས་ལ་ས་ཞིང་བགོས་ནས་འདེབས་ལས་བྱེད་དུ་བཅུག་སྟེ། ཁོངས་གཏོགས་བློན་པོ་རྣམས་ཀྱིས་ས་ཞིང་རྣམས་རྒྱ་ཡིག་གི་ཡི་གེ་井གི་དབྱིབས་གཟུགས་ཅན་གྱི་ས་ཞིང་ཡིན་པ་དང༌། གླིང་གྲུ་བཞི་མ་རེ་རེའི་རྒྱ་ཁྱོན་ལ། དེང་སང་གི་མུའུ་གྲངས་ལྟར་རྩིས་ན་མུའུ་བརྒྱ་ཙམ་ཡོད། བྲན་གཡོག་རྣམས་ས་ཞིང་དེའི་ཐོག་ངལ་རྩོལ་བྱེད་པའི་དབང་ཆ་ཙམ་ལས་གཞན་གྱི་དབང་ཆ་གང་ཡང་མེད་ཅིང་། ཐ་ན་རང་ཉིད་ཀྱི་སྲོག་ཀྱང་བྲན་གཡོག་བདག་པོར་དབང་བ་ཡིན་པས། བྲན་གཡོག་བདག་པོས་བྲན་གཡོག་ཉེས་མེད་དུ་བསད་པའོ། བྲན་གཡོག་བདག་པོས་གཞན་དག་ལ་བཙོངས་པ་སོགས་གང་བྱས་ཀྱང་ཆོག་པ་ཡིན་པས་གཉའ་གནོན་བཤུ་གཞོག་གི་གདུག་རྩུབ་ཧ་ཅང་ཆེ་བ་ཡོད། +
1. མ་རིག་པ། (རང་བཞིན།)2. འདུ་བྱེད། (བློ་གྲོས།) 3. རྣམ་ཤེས། 4. མིང་དང་གཟུགས། 5. སྐྱེ་མཆེད་དྲུག 6. རེག་པ། 7. ཚོར་བ། 8. སྲེད་པ། 9. ལེན་པ། 10. སྲིད་པ། 11.སྐྱེ་བ་ 12. རྒ་ཤི། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་བཞི་བ་གསལ་བྱེད་ཀྱི་རྒྱན་ནི། རིགས་དང་བྱ་བ། ཡོན་ཏན། རྫས་ཏེ་བརྗོད་བྱ་དོན་གྱི་དངོས་པོ་བཞི་གང་རུང་སྟོན་པའི་རྗོད་བྱེད་ཀྱི་ཚིག་གཅིག ཚིཊ་བཅད་ཀྱི་རྐང་པ་ཐོག་མཐའ་བར་གསུམ་གང་དུ་གནས་པ་དེས། རང་ཚིག་སྔ་ཕྱིའི་ངག་རྒྱུན་ཀུན་ལ་ཕན་ཞིང་གསལ་བར་བྱེད་པའི་རྒྱན་ཞིག་སྟེ་དེའི་ནང་གསེས་རྣམ་གྲངས་བཅུ་གཉིས་ནི། 1. རིགས་བརྗོད་ཐོག་མའི་གསལ་བྱེད། 2. བྱ་བ་ཐོག་མའི་གསལ་བྱེད། 3. ཡོན་ཏན་ཐོག་མའི་གསལ་བྱེད། 4. རྫས་བརྗོད་ཐོག་མའི་གསལ་བྱེད། 5. རིགས་བརྗོད་བར་གྱི་གསལ་བྱེད། 6. བྱ་བ་བརྗོད་པ་བར་གྱི་་གསལ་བྱེད། 7. རིགས་བརྗོད་མཐའི་གསལ་བྱེད། 8. བྱ་བ་བརྗོད་པ་མཐའི་གསལ་བྱེད། 9. ཕྲེང་བའི་གསལ་བྱེད།། 10. འགལ་དོན་གསལ་བྱེད། 11. དོན་གཅིག་གསལ་བྱེད། 12. སྦྱར་བའི་གསལ་བྱེད་བཅས་སོ། +
རབ་འབྲིང་ཐ་གསུམ་མམ། ལྕི་ཡང་བར་གསུམ་། +
1. མདོའི་སྡེ། 2. དབྱངས་ཀྱིས་བསྙད་པའི་སྡེ། 3. ལུང་དུ་བསྟན་པའི་སྡེ། 4. ཚིགས་སུ་བཅད་པའི་སྡེ། 5. ཆེད་དུ་བརྗོད་པའི་སྡེ། 6. གླེང་གཞིའི་སྡེ། 7. རྟོགས་པ་བརྗོད་པའི་སྡེ། 8. དེ་ལྟ་བུ་བྱུང་བའི་སྡེ། 9. སྐྱེས་རབས་ཀྱི་སྡེ། 10. ཤིན་ཏུ་རྒྱས་པའི་སྡེ། 11. རྨད་དུ་བྱུང་བའི་སྡེ། 12. གཏན་ལ་ཕབ་པ་བསྟན་པའི་སྡེ་རྣམས་སོ། མདོར་བསྡུས་ན་ཚིག་ལྷུག་པར་གསུངས་པ་མདོ་སྡེ། མདོ་སྡེ་དེ་ཉིད་ཀྱི་དབུ་དང་། མཐའ་མར་ཚིགས་སུ་བཅད་པས་གསལ་བར་བསྟན་པ་དབྱངས་སུ་བསྙེད་པའི་སྡེ་དང༌། གང་ཟག་གི་དེ་ལྟར་ལས་འདི་བྱས་པས་ཕྱིས་འབྲས་བུ་འདི་ཐོབ་པ་དང་། མ་འོངས་ན་འདི་འབྱུང་བར་འགྱུར། ཅེས་ལུང་དུ་བསྟན་པའི་སྡེ། གཞུང་ཐམས་ཅད་ཚིགས་སུ་བཅད་པས་སྟོན་པ་ཚིགས་སུ་བཅད་པའི་སྡེ ། ཡི་རང་ནས་གསུངས་པ་ཆེད་དུ་བརྗོད་པའི་སྡེ། གླེང་གཞི་ཡུལ་གང་དུ་གང་ཟག་གི་ལྟུང་བ་གང་བྱུང་བ་དགག་པའི་བསླབ་པ་དང་བཅས་ཏེ་བསྟན་པ་གླེང་གཞིའི་སྡེ། དཔེ་དང་དོན་དུ་བཅས་ནས་སྐྱེས་རབས་བསྟན་པ་སྐྱེས་རབས་ཀྱི་སྡེ། བྱང་ཆུབ་སེམས་དཔའི་ལས་འབྲས་བུ་དང་བཅས་པ་ཟབ་པ་དང་རྒྱ་ཆེ་བར་སྟོན་པ་ཤིན་ཏུ་རྒྱས་པའི་སྡེ། ཉན་ཐོས་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བ་སྟོན་པ་རྨད་དུ་བྱུང་བའི་སྡེ་སོགས་སོ། +
གསུང་རབ་ཡན་ལག་བཅུ་གཉིས་དང་དོན་གཅིག +
འགྲོ་མགོན་ཆོས་རྒྱལ་འཕགས་པས་སེ་ཆེན་རྒྱལ་པོའི་བཀའ་འབྲེལ་བཞིན་དབུས་གཙང་ལ་དབང་སྒྱུར་སྐབས་སུ་བཙུགས་པའི་ཁྲི་སྐོར་ས་ཁུལ་ཏེ་ལ་སྟོད་ལྷོ་བྱང་གཉིས་དང་། གུར་མོ། ཆུ་མིག ཤངས། ཞ་ལུ་སྟེ་གཙང་ལ་ཁྲི་སྐོར་དྲུག རྒྱ་མ་དང༌། འབྲི་གུང་། ཚལ་པ། ཐང་པོ་ཆེ། ཕག་མོ་གྲུ། གཡའ་བཟང་སྟེ་དབུས་ལ་ཁྲི་སྐོར་དྲུག དབུས་གཙང་གི་མཚམས་སུ་ཡར་འབྲོག་སྟག་ལུང་ཁྲི་སྐོར་གཅིག་སྟེ་ཁྲི་སྐོར་བཅུ་གསུམ། +
ཏཱ་ལའི་ལྔ་པའི་སྐབས་ས་གནས་སྲིད་གཞུང་བཙུཊ་པའི་རྗེས་སུ་དབུས་གཙང་ཁུལ་དགེ་ལུགས་དང་། རྙིང་མའི་དགོན་པ་བསྡོམས་པས་བཅུ་གསུམ་གསར་དུ་བཏབ་སྟེ། 1. ཤངས་དགའ་ལྡན་ཆོས་འཁོར།(དགེ་ལུགས་པའི་མཚན་ཉིད་གྲྭ་ཚང) 2. བྲག་ཡེར་པ། (དགེ་ལུགས་པའི་སྔགས་པ་གྲྭ་ཚང་།) 3. ཆོས་འཁོར་ཡང་རྩེ། (དགེ་ལུགས་པའི་མཚན་ཉིད་གྲྭ་ཚང་།) 4. དོལ་གསུང་རབ་གླིང་། (དགེ་ལུགས་པའི་མཚན་ཉིད་དང་སྔགས་ཟུང་འབྲེལ།) 5. ལྷ་རྩེ་འོག་མིན་གླིང་། (དགེ་ལུགས་པའི་མཚན་ཉིད་གཙོ་བོ་དང་ཞར་བྱུང་དུ་སྔགས་ཆོག) 6. ལྷོ་བྲག་དོན་གཉིས་གླིང་། (དགེ་ལུགས་པའི་མཚན་ཉིད་གྲྭ་ཚང་། ) 7. ཡར་སྟོད་ཐོས་བསམ་དར་རྒྱས་གླིང་།(དགེ་ལུགས་པའི་མཚན་ཉིད་དང་སྔགས་ཆོག་ཟུང་འབྲེལ།) 8. ས་དགའ་འཕེལ་རྒྱས་གླིང་། (དགེ་ལུགས་པའི་སྔགས་པ་གྲྭ་ཚང་།) 9. བྱང་ཆུབ་གླིང༌། (རྙིང་མའི་སྔགས་པའི་གྲྭ་ཚང་།) 10. ཐོད་རི་དགའ་ལྡན་བཤད་སྒྲུབ་གླིང་། གོང་དཀར་བཤད་སྒྲུབ་གླིང་། (དགེ་ལུགས་པའི་མཚན་ཉིད་དང་སྔགས་ཆོག་ཟུང་འབྲེལ) 11. ཉུག་དགའ་ལྡན་ཆོས་འཁོར་གླིང་) (དགེ་ལུགས་པའི་མཚན་ཉིད་དང་སྔགས་ཆོག་ཟུང་འབྲེལ། )12. གུད་དཔུང་ཟིལ་གནོན་གླིང་། (ཕུང་པོ་རི་བོ་ཆེ།) (རྙིང་ལུགས་ཀྱི་སྔགས་པ་གྲྭ་ཚང་།)13. དགའ་ལྡན་བདུད་འཇོམས་གླིང་། (རྙིང་ལུགས་ཀྱི་སྔགས་པ་གྲྭ་ཚང་།)བཅས་རྣམས་སོ། +