Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
1. ཁུ་བ་འབྱིན་པ། 2. འཁྲིག་ཚིག 3. ལུས་རེག 4. སྨྱན། 5. བསྙེན་བཀུར། 6. ཁང་བ། 7. ཁང་ཆེན། 8. གཞི་མེད་དང་། 9. བག་ཙམ། 10. དགེ་འདུན་དབྱེན་དང་། 11. དེ་རྗེས་ཕྱོགས། 12. ཁྱིམ་སུན་འབྱིན་དང་།13. བཀའ་བློ་མི་བདེ་བའོ། ཞེས་པ་ལྟར་རོ། +
སྣམ་སྦྱར་དང༌། བླ་གོས་དང་། མཐང་གོས་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་དང༌། གདོང་ཕྱིས་དང༌། རྣག་གཟན་དང་། གཡན་པ་དགབ་པ་དང་། སྐྲ་གཟེད་དང༌། གདིང་བ་དང༌། དབྱར་གྱི་གོས་རས་ཆེན་ཡོ་བྱད་ཀྱི་གོས་རྣམས་སོ། +
ལྷ་བཅུ་གསུམ་མ་དང་དོན་གཅིག +
སྲིད་པ་ཆགས་པའི་ལྷ་དགུའི་སྟེང་དུ། ཇོ་བོ་མཆིམས་ལྷ། ཇོ་བོ་ངོས་གསུམ། ཇོ་བོ་གཡའ་སྤང་། ཇོ་བོ་ཁུག་ལྷ་བཅས་བཞི་བསྣན་པའོ། དེ་རྣམས་སྲོང་བཙན་སྒམ་པོ་དང༌། ཁྲི་སྲོང་ལྡེ་བཙན་སོགས་ཀྱིས་བསྟེན་པའི་བསྲུང་མ་ཡིན་པས་ན་རྗེ་ཡི་མགུར་ལྷ་བཅུ་གསུམ་ཟེར་རོ། +
ཐེག་ཆེན་གྱི་ས་བཅུ་གཅིག་གི་སྟེང་དུ། ལས་དང་པོ་བའི་ས་དང༌། མོས་སྤྱོད་ཀྱི་ས་བསྣན་པའོ། +
གུ་རུ་ཆོས་དབང་གི་རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་ལས། དུས་ངན་བསྟན་པ་བཅུ་གསུམ་སྟེ། 1. གཏེར་འདི་ཐོན་དང་དུས་མཚུངས་པར། བུད་མེད་ལུས་ལ་དུང་རྒྱན་དར། མཁའ་འགྲོའི་ལུང་བསྟན་དུས་ཡིན་པས། དབང་བསྐུར་བསྒྲུབ་ཐབས་སྤེལ་དུས་ཡིན། 2. སྤུན་འཁྲུགས་གཡུལ་ངོ་འགྱེད་པའི་ཚེ། འགོང་པོ་གཡོས་པའི་དུས་ཡིན་པས། ཟབ་གཏེར་འདོན་ཅིང་འགོང་པོ་མནན། 3. སྒོ་ཁྱི་ལམ་ཟན་བསྒུགས་པའི་ཚེ། ཡིག་དྲུག་སྟོན་པ་དར་དུས་ཡིན། ཐུགས་རྗེ་ཆེན་པོའི་མན་ངག་སྤེལ། 4. གཡོ་བ་བརྒྱ་བསྡུས་བྱུང་བའི་ཚེ། ས་གཏེར་མི་ཐུབ་དུས་ཡིན་པས། གཏེར་འདོན་གཏེར་ཆོས་སྤེལ་བར་བྱ། 5. བཟང་གོས་ཆ་ག་གཏོང་བའི་ཚེ། མི་ཚེ་ཐུང་བའི་དུས་ཡིན་པས། མི་ཆོས་ཞོག་ལ་ལྷ་ཆོས་སྒྲུབས། 6. རྨོག་གི་བྱེའུ་མགོ་བུད་པའི་ཚེ། བླ་མེད་རྟོགས་པའི་དུས་ཡིན་པས། ཐུགས་ཀྱི་ཡང་གཏེར་དོན་ཁྲིད་སྐྱོང༌། 7. སྔགས་བཙུན་སྡེ་འཁྲུག་བྱུང་བའི་ཚེ། བསྟན་པ་ཉམས་པའི་དུས་ཡིན་པས། བསྟན་བསྲུང་དྲག་སྔགས་སྤེལ་ཅིང་སྒྲུབ། 8. ཆོས་མེད་ཅོ་འདྲི་མང་བའི་ཚེ། གྲི་མཚོན་དར་བའི་དུས་ཡིན་པས། བཙུན་པར་འདུག་སྟེ་བྱང་ཆུབ་བསྒྲུབ། 9. མཐའ་དམག་བོད་དུ་བྱུང་དུས་སུ། ལྷ་སྲིན་འཁྲུག་པའི་དུས་ཡིན་པས། རང་དོན་ཁོང་དུ་ཆུད་པར་བྱ། 10. གོས་ངན་རེ་བ་གྱོན་པའི་ཚེ། ས་བཅུད་ཤོར་བའི་དུས་ཡིན་པས། གནོད་སྦྱིན་ནོར་ལྷ་བསྙེན་མཆོད་བྱ། 11. ཁྲིམས་མེད་བཙུན་གཟུགས་དར་བའི་ཚེ། ། བདུད་ཀྱི་དབང་བསྒྱུར་དུས་ཡིན་པས། རྒྱལ་བའི་བཀའ་རྒྱུད་འབྲི་ཀློག་བྱ། 12. ཁྱི་བསྙོན་བོང་བསྙོན་བྱུང་བའི་ཚེ། དགེ་སྡིག་འཆོལ་སྤྱད་དུས་ཡིན་པས། མན་ངག་ཚང་མར་སྤེལ་བར་བྱ། 13. སྦས་པའི་རྣལ་འབྱོར་འགའ་བྱུང་ཚེ། གསང་སྔགས་འབྲུའི་དུས་ཡིན་པས། མན་ངག་སྤེལ་བསྒྲུབ་བརྩོན་འགྲུས་བསྐྱེད། དེ་ལྟར་དུས་གནད་འཛོམ་དུས་ཚེ། དགེ་སྡིག་མྱུར་དུ་སྨིན་གྱུར་པས། དེ་ཚེ་འབད་དང་དོན་ཆེན་ཡིན་ཅེས་སོ། +
བར་བསྐལ་བརྒྱད་ཅུ་ཐམ་པའོ། +
གཟུགས་ཀྱི་མཐའ་སྟེ། རྡུལ་ཕྲ་རབ་བདུན་ཚོགས་པ་ན་རྡུལ་ཕྲན་གཅིག +
ཁ་དོག་དཀར་ནག་སེར་གསུམ། +
མཆོད་རྟེན་ལ་གདུགས་ཀྱི་རིམ་པ་བཅུ་གསུམ། +
ར་ཀོ་ཤའི་འགྲེལ་པ་འདོད་འཇོ་ལས། གློག་གི་འོད་ཅན་མ་དང་། ཐིག་ལེ་མཆོག་མ་དང༌། པད་དཀར་མ་དང༌། ལག་བཟང་མ་དང་། དགའ་བའི་ཤིང་རྟ་མ་དང༌། རབ་ཏུ་མྱོས་བྱེད་མ་དང༌། མེ་ན་ཀཱ་དང་། སྐུ་འདྲེས་མ་དང་། ལེགས་རྒྱན་མ་དང་། མཉྫུ་སྐྱེས་མ་དང་། ཨོལ་མྐུཥཱ་དང་། ཆུ་ཤིང་བརླ་ཅན་མ་དང་། སྐེད་ལེགས་མ་ཞེས་འབྱུང་བ་རྣམས་སོ། +
རྐང་པའི་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་གཉིས་པ་བར་དུ་ཆོད་པའི་ཟུང་ལྡན་ལ་དབྱེ་བ་མི་འདྲ་བ་བཅུ་གསུམ་ནི། རྐང་པ་གཉིས་ལ་ཡོད་པ་དྲུག་སྟེ། 1. རྐང་པ་དང་པོ་གཉིས་ཀྱི་ཐོག་མར་ཆོད་པ། 2. དང་པོ་དང་གསུམ་པའི་ཐོག་མར་ཆོད་པ། 3. དང་པོ་དང་བཞི་བའི་ཐོག་མར་ཆོད་པ། 4. གཉིས་པ་དང་གསུམ་པའི་ཐོག་མར་ཆོད་པ། 5. གཉིས་པ་དང་བཞི་བའི་ཐོག་མར་ཆོད་པ། 6. རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མར་ཆོད་པ་བཅས་དང༌། རྐང་པ་གསུམ་ལ་ཡོད་པ་གསུམ་སྟེ། 7. རྐང་པ་དང་པོ་གསུམ་གྱི་ཐོག་མར་ཆོད་པ། 8. དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མར་ཆོད་པ། 9. ཕྱི་མ་གསུམ་གྱི་ཐོག་མར་ཆོད་པ། 10. རྐང་པ་བཞི་ལ་ཡོད་པ (གཅིག) +
1. ཐང་ལྷ་ཡར་བཞུགས། 2. ཡར་ལྷ་ཤམ་པོ། 3. ཙང་ལྷ་བྱོལ་ཡུག་ 4. སྲོག་ལྷ་གངས་དཀར། 5. སྐྱོག་ཆེན་སྡོང་ར། 6. རྡོག་ལྷ་བྱང་རྩེ། 7. ཅོག་ལྷ་མཚལ་རྩེ། 8. གངས་དཀར་གཡུ་རྩེ། 9. སུམ་རི་གཉན་པོ། 10. འཛུམ་ཆེན་སྡོང་ཕྲམ། 11. དབྱིས་ཆེན་རབ་ངེར། 12. འབྲི་ཆེན་སྡོར་ངུ་། 13. བོད་ཀྱི་བ་ཏུ་བཅུ་གསུམ་མོ། +
གསོལ་གཟིམས་མཆོད་གསུམ། མཇལ་ཡིག་མཛོད་གསུམ། ཐབས་འདྲེན་གདན་གསུམ། སྐུ་རྟ་མཛོ་ཁྱི་བཞི་རྣམས་སོ། +
ཁྲི་སྐོར་བཅུ་གསུམ་དང་དོན་གཅིག +
གཙང་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོས་བོད་ལ་དབང་སྒྱུར་བྱེད་སྐབས། ཞལ་ལྕེ་བཅོ་ལྔ་ནས་དཔའ་བོ་སྟག་གི་ཞལ་ལྕེ་དང༌། སྡར་མ་ཝའི་ཞལ་ལྕེ་གཉིས་དོར་ནས་ཞལ་ལྕེ་བཅུ་གསུམ་དུ་གཏན་ལ་ཕབ་པའི་ཁྲིམས་ལུགས་དོན་ཚན་བཅུ་གསུམ། +
ལུས་མེད་ནི་བདུད་དགའ་རབ་དབང་ཕྱུག་གི་མིང་གི་རྣམ་གྲངས་ཡིན་ལ་བདུད་དེས་སྤྲུལ་པའི་མྱོས་བྱེད་མ་སོགས་ལྷའི་སྨད་འཚོང་མ་བཅུ་གསུམ་མོ། +
འཇོམས་བྱེད་ལྷ་བཅུ་གསུམ་མ་དང་དོན་གཅིག +
འདོད་པ་བཅུ་གསུམ་དང་དོན་གཅིག +
ཡང་ན་དཀར་རུ། ནག་རུ། སེར་རྩ་གསུམ། +