Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
རྟོག་གེ་བ་དྲུག་རྗེས་སུ་སྒྲོགས་པ་དྲུག སྙོམ་པར་འཇུག་པ་དྲུག དེ་ལས་དང་པོ་ནི། 1. ཀུན་ཏུ་རྒྱུ། 2. གནག་ལྷས་ཀྱི་བུ། 3. སྨྲ་འདོད་ཀྱི་བུ། 4. ཡང་དག་རྒྱལ་བ་ཅན། 5. མི་ཕམ་སྐྲ་ཡི་རལ་བ་ཅན། 6. གཅེར་པུ་པ་གཉན་གྱི་བུ་སྟེ་དྲུག་གོ གཉིས་པ་ནི། 7. བྲམ་ཟེ་རྒྱུ་རྒྱལ། 8. བྲམ་ཟེ་བཟང་ལྡན། 9. བྲམ་ཟེ་གཞལ་འདེགས། 10. བྲམ་ཟེ་ཚངས་པའི་ཚེ། 11. བྲམ་ཟེ་པདྨའི་སྙིང་པོ།་ 12. བྲམ་ཟེ་དམར་པོ་སྟེ་དྲུག་གོ གསུམ་པ་ནི། 13. བདེ་བྱེད་ཀྱི་བུ་ལྷག་སྤྱོད། 14, སྒྱུ་རྩལ་ཤེལ་གྱི་བུ་རིང་འཕུར། 15. ཀུན་ཏུ་རྒྱུ་རབ་བཟང་། 16. བྲམ་ཟེ་ཁྱེའུ་ཀུན་རྒྱལ། 17. སྟེང་རྒྱལ་འོད་སྲུང་རལ་པ་ཅན། 18. དྲང་སྲོང་ཉོན་མོངས་མེད་དང་དྲུག་གོ  +
དམྱལ་བ་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། ཉི་ཚེ་བ་དང་ཉེ་འཁོར་བ་བསྡོམས་པས་བཅོ་བརྒྱད་དོ། ཚ་དམྱལ་བརྒྱད་ནི། 1. ཡང་སོས། 2. ཐིག་ནག 3. བསྡུས་འཇོམས། 4. ངུ་འབོད། 5. ངུ་འབོད་ཆེན་པོ། 6. ཚ་བ། 7. རབ་ཚ། 8. མནར་མེད་བཅས་བརྒྱད། གྲང་དམྱལ་བརྒྱད་ནི། 9. ཆུ་བུར་ཅན། 10. ཆུ་བུར་རྡོལ་བ། 11. སོ་ཐམ་ཐམ་པ། 12. ཀྱེ་ཧུད་ཟེར་བ། 13. ཨ་ཆུ་ཟེར་བ། 14. ཨུཏྤལ་ལྟར་གས་པ། 15. པད་མ་ལྟར་གས་པ། 16. པད་མ་ཆེན་པོ་ལྟར་གས་པ་བཅས་བརྒྱད་ཡོད། 17. ཉི་ཚེ་བ་ནི། མི་ཡུལ་གྱི་ས་མཐའ་དང་མི་མེད་ལུང་སྟོང་ན་ཡོད་ཟེར། 18. ཉེ་འཁོར་བ་ནི། དམྱལ་བ་ཚ་དམྱལ་བརྒྱད་ཀྱི་ཕྱོགས་བཞིར་བསྐོར་ནས་ཡོད་པའི་དམྱལ་བཞི་སྟེ་མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲི་ཅན་གྱི་ཚལ། འགྱུར་བྱེད་ཀྱི་ཆུ་བོ་རབས་མེད་དང་བཅས་ཡོད་ཟེར།  +
1. སྨན་མཁན། 2. རྩིས་མཁན། 3. གསེར་བཟོ་མཁན། 4. རི་མོ་མཁན། 5. རྫ་མཁན། 6. ཀོ་ལྤགས་མཁན། 7. ཚོས་མཁན། 8. སེན་མོ་འབྲེག་མཁན། 9. སྤོས་ཚོང་མཁན། 10. ཤིང་མཁན། 11. རྩིག་མཁན། 12. བཙོ་བླག་མཁན། 13. ཐགས་མཁན། 14. ཚེམ་བུ་མཁན། 15. གུར་མཁན། 16. ཆང་ཚོང་མ། 17. རིན་ཆེན་བཟོ་མཁན། 18. མགར་བའོ།  +
སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ས་མི་དང་བཅས་པ་བྲན་བདག་རྣམས་ལ་བགོ་བཤའ་བརྒྱབ་སྟེ་སྤྲད་པའི་མངའ་ཁོངས་ས་ཁུལ་བཅོ་བརྒྱད་ནི། 1. དབུ་རུ་ཤོད་ཆེན། 2. ཕོ་བྲང་སྟེ་ཆེ། 3. ཡར་ལུང་། 4. འཆིང་ང་། 5. བྱ་འུག 6. བྲད་དང་ཞོང་པ། 7. བྲག་རུམ་སྟོད་སྨད། 8. གཙང་སྟོད་སྨད། 9. ཀླུང་ཤོད་ནམ་པོ། 10. འཕན་ཡུལ། 11. ཉང་རོ་གྲམ་པ། 12. ཤངས་དང་གླེ་ཕྱི། 13. ཡུང་བ་ཆེ་ཆུང་། 14. ཞ་ག་སྡེ་གསུམ། 15. ནམ་ར། 16. ཆག་གོང་། 17. འདམ་ཤོད་དཀར་མོ། 18. མདོ་ཁམས།  +
1. རོལ་མོ། 2. འཁྲིག་ཐབས། 3. འཚོ་ཚིས། 4. གྲངས་ཅན། 5. སྒྲ 6. གསོ་དཔྱད། 7. ཆོས་ལུགས། 8. བཟོ། 9. འཕོང་དཔྱད། 10. གཏན་ཚིག 11. རྣལ་འབྱོར། 12. ཐོས་པ། 13. དྲན་པ། 14. སྐར་མའི་དཔྱད། 15. རྩིས། 16. མིག་འཕྲུལ། 17. སྔོན་གྱི་རབས། 18. སྔོན་བྱུང་བ།  +
རྒྱུ་གཉིས་རྐྱེན་གསུམ་སྦྱར་བ་ཞེས་པའི་རྐྱེན་གསུམ་སྟེ། བཅུད་ཀྱི་གསོས་མར། སྟོབས་ཀྱི་གསོས་ག་བུར (ཡང་ན་བུ་རམ།) བཀྲགས་ཀྱི་གསོས་སྦྲང་རྩིའོ།  +
1. རྔ་པོ་ཆེ། 2. རྫ་རྔ་དཀྱུས་མ། 3. རྔ་ཟླུམ། 4. ལག་རྔ། 5. འཁར་རྔ། 6. པི་ཝང་རྒྱུད་གཅིག་པ། 7. རྫ་རྔ་ཁ་གཅིག་པ། 8. རྫ་རྔ་ཆེན་པོ། 9. ལྕགས་ཀྱི་སིལ་ཁྲོལ། 10. འཁར་བའི་སིལ་བཀྲོལ། 11. པི་ཝཾ་རྒྱུད་གསུམ་པ། 12. པི་ཝང་རྒྱུད་བདུན་པ། 13. རྔ་མུ་ཀུནྡ། 14. སིལ་སྙན། 15. གླུ་དབྱངས། 16. ཕེག་རྡེབ། 17. རྔ་ཆུང་། 18. གླིང་བུ།  +
ཉེས་སྐྱོན་བཅོ་བརྒྱད་དང་དོན་གཅིག  +
འགུལ་དང་། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོ་བ། རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོ། ལྡེག རབ་ཏུ་ལྡེག ཀུན་ཏུ་རབ་ཏུ་ལྡེག འཁྱུག རབ་ཏུ་འཁྲུག ཀུན་ཏུ་རབ་ཏུ་འཁྲུག འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་སྟེ་ས་གཡོ་བའི་རྣམ་པ་བཅོ་བརྒྱད།  +
མ་འདྲེས་པའི་ཆོས་བཅོ་བརྒྱད་དང་དོན་གཅིག  +
རྒྱ་གར་གྱི་ལོ་རྒྱུས་སུ། རྒྱ་གར་ཤར་ཕྱོཊ་བམ་གྷ་ལ (དེང་སང་རྒྱ་སྐད་དུ་མང་ཅ་ལ་ཟེར) ཟེར་བར་ཙནྡྲའི་རིགས་ལས་བྱུང་བའི་རྒྱལ་པོ་ཙནྡྲའི་མིང་ཅན་བཅུ་དགུ་བྱུང་བ། 1. ཧ་རི་ཙནྡྲ། 2. ཨ་ཀྵ་ཙནྡྲ། 3. ཛ་ཡ་ཙནྡྲ། 4. ནེ་མི་ཙནྡྲ། 5. ཕ་ནི་ཙནྡ 6. བྷང་ས་ཙནྲ། 7. ས་ལ་ཙནྡྲ། 8. ཙནྡྲ་གནྡྲ། 9. ཤྲི་ཙནྡྲ། 10. དྷརྨ་ཙནྡྲ། 11. ཀརྨ་ཙནྡྲ། 12. བྲི་ཀྵ་ཙནྡྲ། 13. པི་ག་མ་ཙནྡྲ། 14. ཀཱ་མ་ཙནྡྲ། 15. བིངྒ་ཙནྡྲ། 16. བཱལ་ཙནྡྲ། 17. བི་མ་ལ་ཙནྡྲ། 18. གོ་བི་ཙནྡྲ། 19. ལ་ལི་ཏ་ཙནྡྲ་བཅས་ཡིན། ཙནྡྲའི་རིགས་ཀྱི་རྒྱལ་པོ་དང་པོ་ཧ་རི་ཙནྡྲ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་བྲམ་ཟེ་སྒྲ་གཅན་འཛིན་དང་དུས་མཚུངས་པར《རྒྱ་གར་ཆོས་འབྱུང་》ལས་བཤད་པས་དེ་གཞིར་བཟུང་ན། སྤྱི་ལོ་མ་ཚུགས་གོང་གི་ལོ་བརྒྱ་ལྷག་ཙམ་གྱི་སྔོན་དུ་བྱུང་བ་འདྲ་ཞིང༌། ཙནྡྲའི་རིགས་ཀྱི་རྒྱལ་པོ་ཐ་མ་ལ་ལི་ཏ་ཙནྡྲ་ནི་《རྒྱ་གར་ཆོས་འབྱུང་》ལས་སློབ་དཔོན་ཆོས་ཀྱི་གྲགས་པའི་རྗེས་ཙམ་དུ་བྱུང་བར་བཤད་པས། གོང་གསལ་ཙནྡྲའི་རིགས་ཀྱི་རྒྱལ་པོ་བཅུ་དགུ་ནི་སྤྱི་ལོའི་གོང་གི་ལོ་བརྒྱ་ལྷག་ཙམ་གྱི་སྔོན་ནས་དུས་རབས་བདུན་པའི་དཀྱིལ་ཙམ་བར་བྱུང་བ་ཡིན་ཚོད་ཡོད།  +
མཚུངས་པ་གསལ་བྱེད་ཀྱི་སྒྲ་སྡེ་ཚན་བཞི་ཡོད་པའི་གཉིས་པ་ལ་སྒྲ་བཅུ་དགུ་ནི། 1. གཟུགས་བརྙན། 2. སོ་སོར་སྡེབས་པ། 3. གཟུགས་མཚུངས་པ། 4. གཟུགས་མཉམ་པ། 5, ཡང་དག་པར་གཞལ་བ། 6. མཚན་ཉིད་མཐུན་པ། 7. མཚན་ཉིད་འདྲ་བ། 8.མཚན་ཉིད་མཚུངས་པ། 9. མཐུན་ཕྱོགས། 10. དཔེར་བྱས། 11. དཔེ། 12. རྟོག 13. དམན་པ། 14. ཅུང་ཟད་དམན། 15. རབ་ཏུ་སྨྲ་བ། 16. སོ་སོར་བཟློག་པ། 17. རིགས་མཐུན་པ། 18. མཉམ་པར་བྱས་པ། 19. ཆོས་མཐུན་པ་བཅས་སོ།  +
(ཨ་ནུ་ཡོ་ག་ལ། ) གཅན་གཟན་རྒྱལ་པོ་སེང་གེ་མི་བསད་ཅེས་སློབ་དཔོན་ལ་མི་བསྔོ། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་དུག་མི་བྱོ་ཅེས་པ་སློབ་དཔོན་གྱི་ཡུམ་ལ་མི་སྤྱད། རིན་པོ་ཆེའི་ལྕུག་ཕྲན་མི་བྲེག་ཅེས་པ་དད་པ་ཅན་གྱི་ཚོགས་དང་དུས་མཆོད་མི་བཅག གངས་ཀྱི་ཞུན་ཆུ་ཁོལ་མ་མི་བཏུང་ཅེས་པ་དཀོན་མཆོག་གི་དཀོར་དང་བླ་མའི་རྫས་མི་སྤྱད། པདྨའི་ཟེའུ་འབྲུ་ཁ་མི་དབྱེ་ཅེས་པ་མཆེད་ཀྱི་ཡུམ་མི་སྤྱད། སྣོད་བུག་རྡོལ་ནང་དུ་བཅུད་མི་བླུག་ཅེས་པ་གཟུངས་མ་མཚན་ངན་ལ་མི་སྤྱད། མ་བརྟགས་པའི་རྫས་མི་འཆང་ཞེས་པ་སློབ་མ་ངན་པ་དང་བཀྲ་མི་ཤིས་པའི་རྫས་མི་འཆང་། ཤེལ་གོང་དཀར་པོ་འདེམ་དུ་མི་འཇུག་ཅེས་པ་ཤེས་རབ་ཅན་གྱི་གང་ཟག་སྨད་པར་མི་བྱ། སེང་གེའི་འོ་མ་སྣོད་ངན་དུ་མི་བླུག་ཅེས་སྔགས་ཀྱི་དབང་ཆོས་དམ་ཉམས་ལ་མི་བཤད། ཡིད་བཞིན་ནོར་བུ་མི་སྲེག་ཅེས་པ་གསང་སྔགས་ཀྱི་བཀའ་ལོག་སྟེ་ཐེག་དམན་དུ་མི་འཇུག བྱ་ཁྱུང་གི་གཤོག་པ་མི་བཅག་ཅེས་པ་ཐབས་ཤེས་བསྐྱེད་རྫོགས་ཡ་མི་བྲལ། གནམ་ལྕགས་ཨུར་མོ་ས་ལ་མི་བརྡབ་ཅེས་པ་རྣལ་འབྱོར་པ་ནང་དུ་དམེ་མི་བྱ། སྟག་གཟིག་རོལ་པའི་ཟས་ལྷག་མི་ཟ་ཅེས་དམ་ཉམས་དང་ཡུག་པའི་ཟས་མི་ཟ། རྡོ་རྗེ་གདམས་པའི་བྲག་མི་གཤག་ཅེས་པ་སློབ་དཔོན་གྱི་སྟན་མི་འགེང་། མུན་པ་སེལ་བའི་སྒྲོན་མི་བསད་ཅེས་པ་བསྐྱེད་རྫོགས་དུས་བྱིང་རྨུགས་སྤང་། རྡོ་རྗེ་ར་བའི་སྒོ་མི་ཧྲལ་ཞེས་པ་བསྒྲུབ་པའི་མཚམས་མི་ཧྲལ། རྡོ་རྗེའི་ལམ་བར་མི་གཅོད་ཅེས་པ་འཛབ་རྒྱུན་མི་བཅད། རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་མི་སྦྱིན་ཞེས་པ་བསྒྲུབ་རྫས་མི་སྦྱིན། རྡོ་རྗེ་མཁར་རྫོང་རྨང་ནས་མི་བཤིག་ཅེས་པ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པར་མི་བྱ། ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་ནས་མི་འབེབས་ཅེས་པ་སློབ་དཔོན་ལ་མ་གུས་པ་སྤང་ཞིང་། སྤྱི་བོར་བསྒོམ་ལ་ལུས་ངག་ཡིད་གསུམ་གུས་པར་བྱའོ།  +
1. བདག་གཟུགས་ཡིན་ཏེ་བདག་པོ་དང་འདྲ། 2. བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ། 3. གཟུགས་བདག་གི་ཡིན་ཏེ་བྲན་དང་འདྲ། 4. གཟུགས་ལ་བདག་གི་གནས་ཏེ་སྣོད་དང་འདྲ། 5. བདག་ཚོར་བ་ཡིན། 6. བདག་ཚོར་བ་དང་ལྡན། 7. ཚོར་བ་བདག་གི་ཡིན། 8. ཚོར་བ་ལ་བདག་གནས། 9. བདག་འདུ་ཤེས་ཡིན། 10. བདག་འདུ་ཤེས་དང་ལྡན། 11. འདུ་ཤེས་བདག་གི་ཡིན། 12. འདུ་ཤེས་ལ་བདག་གནས། 13. བདག་འདུ་བྱེད་དང་ལྡན། 14. འདུ་བྱེད་བདག་གི་ཡིན། 15. བདག་འདུ་བྱེད་ཡིན། 16. འདུ་བྱེད་ལ་བདག་གནས། 17. བདག་རྣམ་པར་ཤེས་པ་ཡིན། 18. བདག་རྣམ་པར་ཤེས་པ་དང་ལྡན། 19. རྣམ་པར་ཤེས་པ་བདག་གི་ཡིན། 20. རྣམ་པར་ཤེས་པ་ལ་བདག་གནས།  +
རྩ་བའི་ཉོན་མོངས་དྲུག་ལས་བྱུང་བའི་ཁོང་ཁྲོ་ལངས་པ་དང་། ཚིག་པ་ཟ་བ་སོགས་ཉོན་མོངས་ཉི་ཤུ་ལ་ཟེར།  +
ངན་སོང་གསུམ་ལ་གནས་བཅུ་དང་། མཐོ་རིས་གསུམ་ལ་གནས་བཅུ་དང་ཉི་ཤུ།  +
བོད་དངུལ་སྲང་ལྔ་བཅུ་ཐམ་པ།  +
ལོ་ཙཱ་བ་གཞོན་གསུམ་སྟེ། བོད་རྒྱལ་ཁྲི་སྲོང་སྐབས་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་གསུམ་གྱི་བསྡུས་མིང་།  +
སྟོང་ཉིད་བཅོ་བརྒྱད་ཀྱི་ཐོག་ཏུ་རང་གི་ངོ་བོ་སྟོང་པ་ཉིད་དང་། གཞན་གྱི་ངོ་བོ་སྟོང་པ་ཉིད་གཉིས་བསྣན་པས་སྟོང་པ་ཉི་ཤུའོ། ཡང་ན། ལུགས་གཅིག་ལ། ཤེས་རབ་ཀྱི་ཡེ་ཤེས་ལྔ། ཐབས་ཀྱི་ཡེ་ཤེས་ལྔ། དེ་ཉིད་ལུས་དང་བསམ་པས་ཕྱེ་བ་ཡེ་ཤེས་ཀྱི་རྣམ་པ་ཉི་ཤུའོ། རྩ་རླུང་གི་སྐབས་སུ་དུས་འཁོར་ལྟར་ན། གཙུག་ཏོར་ནམ་མཁའི་འཁོར་ལོ། དཔྲལ་བ་ཆུའི་འཁོར་ལོ། མགྲིན་པ་མེའི་འཁོར་ལོ། སྙིང་ཁར་རླུང་གི་འཁོར་ལོ། ལྟེ་བར་སའི་འཁོར་ལོ། གསང་གནས་སུ་ཡེ་ཤེས་ཀྱི་ཁམས་བདེ་སྟོང་གི་འཁོར་ལོ་དྲུག་གོ རྐང་ལག་གི་ཚིགས་ཆེན་བཅུ་གཉིས་ལ། འཁོར་ལོ་བཅུ་གཉིས། སྨིན་མཚམས་དང་ལྟེ་འོག་གི་འཁོར་ལོ་གཉིས་བཅས་ཉི་ཤུ་ནི། རྣམ་པ་ཉི་ཤུས་བྱང་ཆུབ་པའི་འཁོར་ལོ་ཞེས་བཤད་དོ།  +
དེ་ཡང་སངས་རྒྱས་འདས་ནས་ལོ་དགུ་བརྒྱ་ལྷག་སྟོང་དུ་ཉེ་བ་ན། སློབ་དཔོན་ཐོགས་མེད་ཀྱིས་མགོན་པོ་བྱམས་པ་བསྒྲུབ་ཏེ། བཀའ་ཐ་མ་དོན་རྣམ་པར་ངེས་(མདོ་སྡེ་ས་བཅུ་པ་ལ་སོགས་མི་ཡུལ་དུ་གདན་དྲངས་)པ་གཏན་ལ་འབབ་པར་མཛད་དེ། དེ་ཡང་མདོ་སྡེ་རྒྱན་དང་མངོན་རྟོགས་རྒྱན་གཉིས། དབུས་དང་མཐའ་རྣམ་འབྱེད་དང་། ཆོས་དང༌ཆོས་ཉིད་རྣམ་འབྱེད་གཉིས། ཐེག་པ་ཆེན་པོའི་རྒྱུད་བླ་མ་སྟེ། བྱམས་ཆོས་སྡེ་ལྔ་གསན་ནས་མི་ཡུལ་དུ་བྱོན་ཏེ་ཡི་གེར་བཀོད། ཐོགས་མེད་རང་གི་གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པ་གཏན་ལ་འབབ་པ་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ། ། རྩ་བ་ལྟ་བུའི་སའི་དངོས་གཞི་བསྡུ་བ་སྟེ། རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་། ཐེག་པ་ཐུན་མོང་གི་ཆོས། མངོན་པ (འདི་མངོན་པ་གོང་མར་གྲགས)ཀུན་ལས་བཏུས་དང་། ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས་ཏེ། བསྡུས་པའི་བསྟན་བཅོས་སྡོམ་རྣམ་གཉིས་མཛད་དེ། ཐེག་པ་ཆེན་པོ་རྒྱ་ཆེན་སྤྱོད་པའི་སྲོལ་ཕྱེས་སོ། དེའི་གཅུང་སློབ་དཔོན་དབྱིག་གཉེན་གྱིས་ཁ་ཆེའི་སློབ་དཔོན་འདུས་བཟང་བརྟེན་ཏེ། ཡེ་ཤེས་འཇུག་པ་ལ་སོགས་མངོན་པ་སྡེ་བདུན་ལ་སོགས་གསན་སྐབས་སུ་གཅེན་ཐོགས་མེད་ལ། བྱམས་ཆོས་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས་སོགས་གསན་ནས། དབྱིག་གཉེན་གྱིས་སེམས་ཙམ་པྲ་ཀ་ར་(པྲ་ཀ་ར་ནི་བོད་སྐད་དུ་རབ་ཏུ་བྱེད་པའོ།》སྡེ་བརྒྱད་མཛད་དེ། ཉི་ཤུ་པའི་རབ་ཏུ་བྱེད་པ་དང་། སུམ་ཅུ་པའི་རབ་ཏུ་བྱེད་པ། ཕུང་པོ་ལྔ་རབ་ཏུ་བྱེད་པ་དང༌། རྣམ་བཤད་རིག་པ། ལས་གྲུབ་པའི་རབ་ཏུ་བྱེད་པ་སྟེ་རང་རྒྱུད་དུ་བརྩམས་པ་ལྔ་དང༌། བརྟེན་འབྲེལ་མདོའི་འགྲེལ་བ། མདོ་སྡེ་རྒྱན་གྱི་འགྲེལ་བ། དབུས་མཐའི་འགྲེལ་བ་སྟེ། གཞན་འགྲེལ་དུ་བརྩམས་པ་གསུམ་སྟེ། རབ་ཏུ་འབྱེད་པའི་རྒྱུད་ (འདི་བརྒྱད་ཐོས་པ་དང་བཤད་པ་ལྟ་བུར་ལེན་གྱི་བསྟན་བཅོས། ) སྔར་གྱི་བཅུ་གཉིས་དང་བསྡོམས་པས་བྱམས་པ་འགྲེལ་བའི་ཆོས་ཉི་ཤུའོ། དེ་ནས་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་བརྩམས་ཏེ་མངོན་པར་འོག་པར་གྲགས་པའོ། སླར་ཡང་དེ་དག་གསལ་བར་བྱ་བའི་ཕྱིར་མངོན་པར་མཛོད་རང་འགྲེལ་ (འདི་བ་ཚབས་ལོ་ཙྰ་བ་ཉི་མ་གྲགས་ཀྱིས་བོད་དུ་སྒྱུར) དང་བཅས་པ་བརྩམས་པའོ།  +