Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
སྔོན་རྗེས་མིང་གསུམ་གྱི་ཟླས་དབྱེ་བའི་མིང་གཞི་ཉི་ཤུ། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་གསུམ་པ་གཟུགས་ཅན་གྱི་རྒྱན་ནི། དཔེ་དང་དོན་གྱི་དངོས་པོ་གཉིས་ཕན་ཚུན་ཁག་ཁག་མ་ཡིན་པར་གཟུགས་གཅིག་གི་ངོ་བོར་དབྱེར་མེད་དུ་སྦྱོར་བའི་རྒྱན་ཞིག་སྟེ་དེའི་ནང་གསེས་ཀྱི་རྣམ་གྲངས་ཉི་ཤུ་ནི། 1. བསྡུས་པའི་གཟུགས་ཅན། 2. མ་བསྡུས་པའི་གཟུགས་ཅན། 3. བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན། 4. མཐའ་དག་གཟུགས་ཅན། 5. ཆ་ཤས་ཀྱི་གཟུགས་ཅན། 6. ཆ་ཤས་ཅན་གྱི་གཟུགས་ཅན། 7. ཡན་ལག་གཅིག་པའི་གཟུགས་ཅན། 8. ལྡན་པའི་གཟུགས་ཅན། 9. ལྡན་མིན་གཟུགས་ཅན། 10. མི་མཉམ་པའི་གཟུགས་ཅན། 11. ཁྱད་པར་གྱི་གཟུགས་ཅན། 12. འགལ་བའི་གཟུགས་ཅན། 13. རྒྱུའི་གཟུགས་ཅན། 14. སྦྱར་བའི་གཟུགས་ཅན། 15. དཔེའི་གཟུགས་ཅན། 16. ལྡོག་པ་ཅན་གྱི་གཟུགས་ཅན། 17. འགོག་པའི་གཟུགས་ཅན། 18. མཉམ་འཇོག་གི་གཟུགས་ཅན། 19. གཟུགས་ཅན་གྱི་གཟུགས་ཅན། 20. བསྙོན་དོར་གྱི་གཟུགས་ཅན་རྣམས་སོ། +
ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ། +
འཕགས་པ་བློ་གྲོས་རྒྱལ་མཚན་ནས་བཟུང་ས་སྐྱ་ཆོས་རྒྱལ་གྱི་བཀའ་བཞིན་དུ་བོད་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་སྲིད་དོན་འཛིན་མཁན་དཔོན་ཆེན་གྱི་དཔོན་རབས་ཉི་ཤུ་ནི་དང་པོ་ཤཱཀྱ་བཟང་པོ། གཉིས་པ་ཀུན་དགའ་བཟང་པོ། གསུམ་པ་ཞང་བཙུན། བཞི་པ་ཕྱུག་པོ་བན་དཀར་བ། ལྔ་བ་བྱང་རིན། དྲུག་པ་ཀུན་གཞོན། བདུན་པ་གཞོན་དབང་། བརྒྱད་པ་བྱང་རྡོར། དགུ་པ་ཨང་ལེན། བཅུ་པ་ལེགས་པ་དཔལ། བཅུ་གཅིག་པ་སེང་གེ་དཔལ། བཅུ་གཉིས་པ་འོད་ཟེར་སེང་གེ བཅུ་གསུམ་པ་ཀུན་རིན། བཅུ་བཞི་པ་དོན་ཡོད་དཔལ། བཅོ་ལྔ་པ་ཡོན་བཙུན། བཅུ་དྲུག་པ་འོད་ཟེར་སེར་གེ བཅུ་བདུན་པ་རྒྱལ་བ་བཟང་པོ། བཅོ་བརྒྱད་པ་དབང་ཕྱུག་དཔལ། བཅུ་དགུ་པ་ཡང་རྒྱལ་བ་བཟང་པོ། ཉི་ཤུ་པ་དབང་བརྩོན་བཅས་ཀྱིས་རབ་བྱུང་བཞི་པའི་ལྩགས་སྤྲེལ་སྤྱི་ལོ་1260 ནས་རབ་བྱུང་དྲུག་པའི་ས་གླང་1349 བར་ལོ་དགུ་བཅུ་ཙམ་གྱི་རིང་དུ་དབང་སྒྱུར་བྱས་མཐར་སྲིད་དབང་ཕག་མོ་གྲུ་པ་ཏའི་སི་ཏུའི་ལག་ཏུ་ཤོར། +
1. ཧར་གདོང་། 2. བསམ་བློ། 3. བྱ་བྲལ། 4. ཀྲེ་བོ། 5. སྦ་ཏི། 6. ཚ་བ། 7. ལྷོ་པ། 8. སྒོམ་སྡེ། 9. ལ་ཝ།་ 10. ལྡན་མ། 11. མངའ་རིས་གུ་གེ་ 12. མངའ་རིས་དཔེ་ཐུབ། 13. མངའ་རིས་ཟངས་དཀར། 14. མངའ་རིས་སྟག་མོ། 15. གཙང་པ། 16. རྒྱལ་བྱེད། 17. ཨེ་པ། 18. གཉལ་པ་དྭགས་པོ། 19. ཙེ་ཐང་། 20. སྤོ་བོ་བཅས་སོ། +
ཧ་ནས་བ་བར་སོ་སོར་བསྡུ་པའི་ལེགས་སྦྱར་གྱི་གསལ་བྱེད་ཡི་གེ་ཉི་ཤུ་ནི་ཧ་ཡ་ཝ་ར་ལ་ཉ་ཎ་ན་ང་མ་ཛྷ་ཊྷ་དྷ་གྷ་བྷ་ཛ་ཌ་ད་ག་བ་རྣམས་སོ། +
བོད་ཀྱི་གངས་ཉི་ཤུ་རི་དྭགས་སྐྱེས་དང་ཉེར་གཅིག་ཡིན་ཏེ། 1. གཉན་ཐང་ལྷ་རྡོ་རྗེ་མཆོག་རབ། 2. ཏེ་སེ་རྡོ་རྗེ་གངས་དཀང། 3. རྨ་སྤོམ་ར། 4. མང་མཁར་གངས། 5, བུ་ལེ་གངས། 6. བྱང་སྟར་གོའི་གངས། 7. ཕོ་མ་གང་ཇོ། 8. སྐུ་ལྷ་ཁ་རི་གངས། 9. གཙང་གི་ཇོ་མོ་ཁ་རག་གངས། 10. རྡོ་རྗེ་གང་བ་བཟང་པོ། 11. རྒྱལ་རྩེ་དུམ་གངས། 12. ལ་ཕྱི་གངས། 13. ཚེ་རིང་གངས། 14. རྣ་ནམ་གངས། 15. ཏི་སྒྲོ་གངས། 16. འོ་དེ་གུང་རྒྱལ། 17. རྡོ་རྗེ་ཤམ་པོ། 18. གསལ་རྗེ་གངས། 19. ཧོ་བ་གང་བཟང་། 20. ཙ་རི་རྡོ་རྗེ་བདུད་འདུལ། 21. ཀོང་པོ་ལའི་གངས་དང་ཉེར་གཅིག་གོ +
དམ་ཚིག་ས་མ་ཡ་འབུམ་སྡེ་བསྡུ་ན། བདག་དོན་ཉེར་གཅིག གཞན་དོན་བཞི་བཅུ་ཞེ་གཉིས་སུ་འདུས་པར་བཤད་དེ། དམ་ཚིག་རྡོ་རྗེ་གསལ་བཀྲ་ལས་ཐུན་མོང་དམ་ཚིག་མདོར་བསྡུས་ནས། བདག་གཞན་དོན་དུ་ཤེས་པར་བྱ། 1. རྒྱན་འགྱེད། 2. ལུས་མཛེས་འདུས་པ་དང་། 3. ཆང་དང་། 4. དྲེགས་སོགས་ཁེངས་སེམས་དང་། 5. རྡོ་རྗེ་གསུམ་པོས་ཕྱག་བྱེད་དང་། 6. ཆེ་ངག 7. དགེ་སྨོད། 8. སྡིག་བསྟོད་དང༌། 9. ལེ་ལོ། 10. སེར་སྣ། 11. གཉིད། 12. གཡེང་དང་། 13. ཁྲོ་གཏུམ། 14.ཡེ་ཤེས་སྔོན་མ་གཏོང་། 15. བཀག 16. གཅོག 17. སྡིག་པའི་གྲོགས་བསྟེན་དང་། 18. བག་མེད་སྤྱོད་དང་། 19. དམ་བཅའ་འདོར། 20. ཆོས་མི་ཤེས་དང་། 21. ངོམ་ལ་དགའ། ། སྤང་བྱ་ཉི་ཤུ་གཅིག་བཟློག་པ། བདག་དོན་མཆོག་ཏུ་འགྱུར་བ་སྟེ། +
ཚེ་སྔ་ཕྱི་ད་ལྟའི་སྐབས་གསུམ། +
དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་བ་འོད་འཕྲོ་པ། ལྔ་པ་སྦྱངས་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། བཅུ་གཉིས་རྡོ་རྗེ་འཛིན་པའི་ས། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས། བཅུ་བཞི་རྡོ་རྗེ་དབྱིངས་ཀྱི་ས། བཅོ་ལྔ་རྣམ་དག་སྟུག་པོ་བཀོད་པའི་ས། བཅུ་དྲུག་ཆགས་མེད་སྟུག་པོའི་ས། བཅུ་བདུན་མཚན་རྫོགས་རྡོ་རྗེ་འཆང་གི་ས། བཅོ་བརྒྱད་ཆོས་དབྱིངས་བདེ་བ་ཆེན་པོའི་ས། བཅུ་དགུ་མ་སྤང་ཡེ་ཤེས་བླ་མའི་ས། ཉི་ཤུ་ཀུན་བཟང་དབྱེར་མེད་ས། ཉེར་གཅིག་ལྷུན་གྲུབ་ཡེ་ཤེས་ཀྱི་སའོ། +
1. མིག་གི་དབང་པོ། 2. རྣ་བའི་དབང་པོ། 3, སྣའི་དབང་པོ། 4 ལྕེའི་དབང་པོ། 5. ལུས་ཀྱི་དབང་པོ། 6. ཡིད་ཀྱི་དབང་པོ། 7. ཕོའི་དབང་པོ། 8. མོའི་དབང་པོ། 9. སྡུག་བསྔལ་གྱི་དབང་པོ། 10. བདེ་བའི་དབང་པོ། 11. ཡིད་བདེ་བའི་དབང་པོ། 12. ཡིད་མི་བདེ་བའི་དབང་པོ། 13. བཏང་སྙོམས་ཀྱི་དབང་པོ། 14. དད་པའི་དབང་པོ། 15. བརྩོན་འགྲུས་ཀྱི་དབང་པོ། 16. དྲན་པའི་དབང་པོ། 17. ཏིང་ངེ་འཛིན་གྱི་དབང་པོ། 18. ཤེས་རབ་ཀྱི་དབང་པོ། 19. མ་ཤེས་པའི་དབང་པོ། 20. སྲོག་གི་དབང་པོ། 21. མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། 22. ཀུན་ཤེས་པ་དང་ལྡན་པའི་དབང་པོ། +
དཔེ་རྒྱན་ལས་འཕྲོས་པའི་མཚུངས་གསལ་གྱི་སྒྲ་སྡེ་ཚན་བཞི་ཡོད་པའི་དང་པོ་ལ་ཉེར་གཉིས་ནི། 1. བཞིན། 2. ལྟར། 3. ལྟ་བུ། 4. ཇི་ལྟར། 5. མཐུན། 6. མཚུངས། 7. ཡང་དག་མཚུངས། 8. མཉམ། 9. ཡང་དག་གསལ། 10. ངེས་པར་གསལ། 11. རབ་གསལ། 12. གཟུགས་ཀྱི་ཟླ་བོ། 13. གཉེན་པོ། 14. དགྲ་ཟླ། 15. སོ་སོར་རྟོག 16. འགྲན། 17. འདྲ། 18. བལྟ། 19. བཅས། 20. བསླུ་བ། 21. རིགས་མཐུན། 22. རྗེས་སུ་སྨྲ་བ། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་དྲུག་པ་འགོག་པའི་རྒྱན་ནི། བསྒྲུབ་བྱའི་ཡུལ་གང་ཡང་རུང་བ་ཞིག་དགག་བྱར་བྱས་ནས་དེ་སྒྲུབ་ཏུ་མི་འཇུག་པར་འགོག་ཐབས་བརྗོད་པའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་ཉི་ཤུ་རྩ་གསུམ་ནི། 1. བྱུང་བ་འགོག་པ། 2. མངོན་འགྱུར་འགོག་པ། 3. འབྱུང་འགྱུར་འགོག་པ། 4. ཆོས་འགོག་པ། 5. ཆོས་ཅན་འགོག་པ། 6. རྒྱུ་འགོག་པ། 7. འབྲས་བུ་འགོག་པ། 8. རྗེས་གནང་གིས་འགོག་པ། 9. དབང་གིས་འགོག་པ། 10. མ་གུས་པས་འགོག་པ། 11. ཤིས་བརྗོད་ཀྱིས་འགོག་པ། 12. རྩུབ་མོས་འགོག་པ། 13. གྲོགས་ཀྱིས་འགོག་པ། 14. འབད་པས་འགོག་པ། 15. གཞན་དབང་གིས་འགོག་པ། 16. ཐབས་ཀྱིས་འགོག་པ། 17. ཁྲོ་བས་འགོག་པ། 18. མྱ་ངན་གྱིས་འགོག་པ། 19. འགྱོད་པས་འགོག་པ། 20. ཐེ་ཚོམ་གྱིས་འགོག་པ། 21. སྦྱར་བས་འགོག་པ། 22. དོན་གཞན་གྱིས་འགོག་པ། 23. རྒྱུ་ཡིས་འགོག་པ་བཅས་སོ། +
1. ཀྲོའུ་ཕིང་ཝང་། 2. ཀྲོའུ་ཧུན་ཝང་། 3. ཀྲོའུ་ཀྲོང་ཝང་། 4. ཀྲོའུ་ལི་ཝང་། 5. ཀྲོའུ་ཧུའི་ཝང་། 6. ཀྲོའུ་ཞིང་ཝང་། 7. ཀྲོའུ་ཇིང་ཝང་། 8. ཀྲོའུ་ཁུའང་ཝང་། 9.ཀྲོའུ་ཏིང་ཝང་། 10. ཀྲོའུ་ཅེན་ཝང་། 11. ཀྲོའུ་ལིང་ཝང་། 12.ཀྲོའུ་ཅིན་ཝང་། 13. ཀྲོའུ་ཏའོ་ཝང་། 14. ཀྲོའུ་ཅིང་ཝང༌། 15. ཀྲོའུ་ཡོན་ཝང་། 16. ཀྲོའུ་ཀྲེན་ཏིང་ཝང་། 17. ཀྲོའུ་ཨེད་ཝང་། 18. ཀྲོའུ་སི་ཝང་། 19. ཀྲོའུ་ཁའོ་ཝང༌། 20. ཀྲོའུ་ཝེད་རླེས་ཝང་། 21. ཀྲོའུ་ཨན་ཝང་། 22. ཀྲོའུ་ཀླེས་ཝང་། 23. ཀྲོའུ་ཞན་ཝང་། 24. ཀྲོའུ་ཧྲིན་ཅན་ཝང་། 25. ཀྲོའུ་ནན་ཝང་བཅས་ཀྱིས་སྤྱི་ལོའི་གོང་གི་ལོ་ 770—སྤྱི་ལོའི་གོང་གི་ལོ་ 249 བར་ལོ་གྲངས་ 522 རིང་སྲིད་དབང་བཟུང་། +
ཐང་རྒྱལ་རབས་ཀྱི་རྒྱས་ས་ནི་ཁྲང་ཨན(དེང་སང་ཧྲན་ཤིས་ཞིང་ཆེན་གྱི་ཤིས་ཨན)རྒྱལ་རབས་འདིར་སྔ་རྗེས་སུ་གོང་མ་མི་རབས་ཉི་ཤུ་རྩ་ལྔ་བྱུང(རུས་མིང་ནི་ལི་ཡིན)། 1. ཐང་ཀའོ་ཙུའུ་ལི་ཡུའན། 2. ཐང་ཐའི་ཙུང་ལི་ཧྲི་མིང་། 3. ཐང་ཀའོ་ཙུང་ལི་ཀྲི་4. ཐང་ཀྲུང་ཙུང་ལི་ཤིའན། 5. ཐང་རུའས་ཙུང་ལི་ཏན། 6. རྒྱལ་མོ་འུ་ཙེ་ཐེན། 7. ཐང་ཀྲུང་ཙུང་ལི་ཤིའན། 8. ཐང་ཧྲང་ཏི་ཁྲུང་མའོ། 9. ཐང་རུའས་ཙུང་ལི་ཏན། 10. ཐང་ཞོན་ཙུང་ལི་ལུང་ཅིས། 11. ཐང་སུད་ཙུང་ལི་ཧིང༌། 12. ཐང་ཏའི་ཙུང་ལི་ཡུས། 13. ཐང་ཏེ་ཙུང་ལི་ཞུའོ། 14. ཐང་ཧྲུན་ཙུང་ལི་སོང་། 15. ཐང་ཤན་ཙུང་ལི་ཁྲུན། 16. ཐང་མུའུ་ཙུང་ལི་ཧེང་། 17. ཐང་ཅིང་ཙུང་ལི་ཀྲེན། 18. ཐང་ཝེན་ཙུང་ལི་ཨང་། 19. ཐང་ཨུ་ཙུང་ལི་དབྱན། 20. ཐང་ཤོན་ཙུང་ལི་ཁྲེན། 21. ཐང་དབྱི་ཙུང་ལི་ཧོའི། 22. ཐང་ཤིས་ཙུང་ལི་ཞོན། 23. ཐང་ཀྲའོ་ཙུང་ལི་གཡི། 24. ཐང་ཨེད་རྟི་ལི་ཀྲུའུ་བཅས་ཀྱིས་སྤྱི་ལོ 618—907 བར་ལོ་ངོ་ཉིས་བརྒྱ་དགུ་བཅུ་བར་སྲིད་དབང་བཟུང་། ཐང་རྒྱལ་རབས་འགོ་ཚུགས་པ་དང་དུས་མཚུངས་སུ་བོད་ས་གནས་སུ་ཡང་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ས་གནས་ཚོ་པ་ཁ་གཅིག་གྱུར་བྱས་པའི་མི་རིགས་ཀྱི་སྲིད་དབང་ཐེངས་དང་པོར་བཙུགས་པ་ནས་བཟུང་རྒྱ་བོད་མི་རིགས་བར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཀྱི་འབྲེལ་བ་གོང་འཕེལ་བྱུང་བའི་དུས་སྐབས་གསར་བ་ཞིག་གི་འགོ་ཚུགས་པ་དང་། ཐང་བོད་བར་ས་མཚམས་ཐོག་དམག་འཁྲུག་ཐེངས་མང་བྱུང་ཡང་དེས་ཐང་བོད་བར་གྱི་མཛའ་གྲོགས་འབྲེལ་བར་གནོད་སྐྱོན་ཆེན་པོ་གང་ཡང་བྱུང་མེད། +
1. དཔྱིད་ཚུགས། 2, ཆར་འབབ། 3. སྲིན་བུ་འགུལ། 4. དཔྱིད་མཉམ། 5. དྭངས་གསལ། 6. འབྲུ་ཆར། 7. དབྱར་ཚུགས། 8. བྲི་བ་གང་། 9. མྱུར་འདེབས། 10. དབྱར་ཉི་ལྡོག 11. ཚ་བ་ཆུང་། 12. ཚ་བ་ཚེ། 13. སྟོན་ཚུགས། 14. བསིལ་འགུག 15. བད་དཀར། 16. སྟོན་མཉམ། 17. བད་འཁྱག 18. སད་ལྷུང་། 19. དགུན་ཚུགས། 20. ཁ་བ་ཆུང་། 21. ཁ་བ་ཆེ། 22. དགུན་ཉི་ལྡོག 23. གྲང་ངར་ཆུང་། 24. གྲང་ངང་ཆེ། +
བདེ་མཆོག་སོགས་ལས་བཤད་པའི་ཕྱི་ནང་གི་ཡུལ་ཉེར་བཞི་རེ་ཡོད། +
དེ་ལ་ཡུལ་ཉེར་བཞི་ཡང་ཟེར། 1. པཱུ་ལི་ར་མ་ལ་ཡ (རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་ཡི་ལྷོ་ངོས་མ་ལ་ཡའི་ཆུ་ཀླུང་འབབ་པའི་གནས་)།2. ཛ་ལནྡྷ་ར(ཆུ་བོ་གང་ག་མཚོ་མ་ཕམ་ནས་མངའ་རིས་ཀྱི་ཡུལ་བརྒྱུད་དེ་ཉིན་འགའ་ཞིག་ལྷོ་ནུབ་ཕྱོགས་སུ་ཁ་གཏད་ནས་འབབ་ཅིང་། ཌི་ལིའམ་ངྷི་ལིའི་བྱང་ཕྱོགས་ཧ་རི་དཱ་ཝར་ནས་ཤར་ཕྱོགས་སུ་འཁྱོགས་ནས་འབབ་པའི་བྱང་ངོ་། ཛ་ལ་མུག་གམ། ཛ་ལ་མུ་ཁི་སྟེ་རྡོ་ལ་མེ་འབར་པིའི་གནས)། 3.ˌཨཽ་ཊི་ཡ་ན (འདི་ཨོ་རྒྱན་གྱི་ཡུལ) 4. ཨ་རྦུ་ཏ (རྒྱ་གར་ལྷོ་ཕྱོགས་ཀྱི་རི་དབུས་མཐོ་ལ་མཐའ་དམའ་བ་འབྲང་རྒྱས་སམ་སྙིང་གི་གཟུགས་ཅན་ཞིག་གི་མིང་།)5. གོོ་ད་ཝ་རི་(བལ་པོའི་ཡུལ་གྱི་བྱང་ངོས་རང་རྒྱལ་གྱི་གཉའ་ནང་ཤན་གྱི་ཉེ་འདབས་ལ་ཕྱི་གངས་ར་ཞེས་གངས་རི་ཆེན་པོ་ཞིག་ཡོད་པར་བཤད་པ་ལྟར་ན། དེང་སང་གི་ས་བཀྲའི་ཐོག་ཏུ་སྒོ་ས་ཡིན་ཐན་རི་བོ་ཞེས་སམ། ཡོངས་གྲངས་སུ་ཤི་ཤ་སྦང་མའི་རི་བོ་ཞེས་པ་དེ་ཡིན་ནམ་སྙམ་བརྟག འདི་རྗེ་བཙུན་མི་ལའི་རྣམ་ཐར་དུ། སྟོད་གཉའ་ནང་དུ་ཡོད་པའི་ལ་ཕྱི་གངས་ར་ཞེས་གསལ་ཞིང་། ལ་ཕྱི་གངས་ར་ཞེས་པ་ཧི་མ་ལ་ཡའི་རི་ཡི་རྒྱུད་གཅིག་ཡིན་པས། ས་བཀྲའི་ནང་སྒོ་ས་ཡིན་ཐན་ཞེས་གསལ་ཞིང་། དེང་སང་ཡོངས་གྲགས་རྒྱ་སྐད་དུ་ཤི་ཤ་སྦང་མ་ཞེས་པ་དེ་ཡིན་ནམ། དེ་མིན་ལ་ཕྱི་གངས་ར་ཞེས་པ་ལོགས་སུ་ཡོད་མེད་བརྟག་དགོས། 6. རྭ་མེ་ཤ་རི་(རྒྱ་གར་གྱི་ས་དབྱིབས་གྲུ་གསུམ་དུ་ཆགས་པའི་རྩེ་མོ་རྣོ་ཤོས་ལྷོ་ཕྱོགས་སུ་གཏད་པའི་རྒྱ་མཚོའི་འགྲམ་གྱི་སྣེ་དེར་ཡོད། འདི་ནས་ཤར་ལྷོ་ཕྱོགས་སུ་གྲུ་བཏང་ནས་སོང་ན་ལང་ཀའི་གྲོང་ཁྱེར་རམ་ལམ་ཀའི་གླིང་ཕྲན་ཞེས་རྒྱལ་པོ་ར་མཱ་ནས་སྲིན་ཡུལ་དུ་དམག་དྲངས་པར་བཤད་པའི་ཡུལ་དེ་ཡིན་པས། དེང་སང་སིང་ག་ལའང་ཤྲི་ལངྐའམ་སི་ལི་ལངྐ་ཟེར། )7. དེ་ཝི་ཀོ་ཏྲི། འདི་བོད་སྐད་དུ་ལྷ་མོའི་མཁར་ཞེས་ཟེར་ཞིང་འདི་ལ་ངོས་འཛིན་ཚུལ་མི་འདྲ་བ་གཉིས་ཏེ། ཀོང་པོའི་ཡུལ་དང་དྭགས་པོ། ཀློ་ཡུལ་གསུམ་གྱི་འཚམས་ཡོད་པའི་རྩ་རི་ལ་ངོས་འཛིན་པ་གཅིག་དང་། རྒྱ་གར་ཨ་སམ་གྱི་ཤར་ཕྱོགས། གང་ཚ་རངྒ་ཞེས་པའི་ནང་ཚང་ཏི་ར་ཕུར་ཞེས་པའི་རི་བོ་དེར་ངོས་འཛིན་པ་གཅིག་ཡོད། 8. མཱ་ལ་ཝ (རྒྱ་གར་ནུབ་ཕྱོགས་རྒྱ་མཚོའི་གླིང་ཕྲན་ཞིག་ཡིན་པར་བཤད། )9. ཀ་མ་རུ་པ (བལ་ཡུལ་དང་ཐག་ཉེ་བའི་གངས་རྒྱལ་མོ་མཐོན་མཐིང་གི་འགྲམ་ནས <རྒྱ་གར་སྐད་དུ་ཆུ་བོ་ལོ་ཧི་ཏ་རྒྱ་སྐད་དུ་མཱ་མཆོན་ཧཱོ> བོད་སྐད་དུ་རྟ་མཆོག་ཁ་འབབ་ཏུ་གྲགས་པ་དེ་ཉིད་གཞིས་ཀ་རྩེ་ནས་ཉང་ཆུ་དང་འདྲེས། ལྷ་སའི་ལྷོ་ནུབ་ཆུ་ཤུལ་ནས་སྐྱིད་ཆུ་དང་འདྲེས་ནས་ཡར་ལུང་བརྒྱུད་དུ་འབབ་པ་ལ་ཡར་ལུང་གཙང་པོ་ཟེར། དེ་ཉིད་ཀོང་པོ་ཡུལ་ནས་ཁ་ལྷོར་བལྟས་ནས་རྒྱ་གར་ཤར་ཕྱོགས་སུ་ཐོན་པའི་ས་དེར་ངོས་འཛིན། དེ་ནས་རྒྱ་གར་ཤར་ཕྱོགས་ཨ་སམ་གྱི་ཡུལ་བརྒྱུད་ནས་ཤར་པ་ཀི་སི་ཐན་གྱི་བྱང་ནས་ཁ་ལྷོར་བལྟས་ནས་རྒྱ་མཚོ་ཆེན་པོར་འབབ་པས་གོང་གསལ་ཆུ་བོའི་དེའི་དུམ་བུ་ལ་རྒྱ་གར་བ་རྣམས་ཀྱིས་བྷ་རམ་པུརྡ་ཟེར། )10. ཨོ་ཏྲི(རྒྱ་གར་ལྷོ་ཕྱོགས་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ལ་ངོས་འཛིན་པར་བཤད་ཀྱང་ས་གནས་ངོས་མ་ཟིན།)11. ཏྲི་ཤ་ཀུ་ནི (རྒྱ་གར་ནུབ་ཕྱོགས་ཆུ་བོ་གངྒ་དང་། གན་ཏི་སུ་རུ་པ་གསུམ་གྱི་འདུས་མདོ་དེར་ཡོད།)12. ཀོ་ས་ལ་(རྒྱ་གར་ཡུལ་དབུས་གཉན་ཡོད་ཅེས་པ་དེ་ཡིན།)13. ཀལིངྐ (རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ལ་ཏྲིལིངྐ་ལ་སོགས་པའི་ལིངྒའི་མིང་ཅན་བརྒྱད་ཙམ་ཡོད་པར་བཤད་པའི་ནང་ནས་གཅིག་ཡིན། )14. ལམ་པ་ཀ (ཨོ་རྒྱན་གྱི་ཡུལ་གྱི་ཤར་ཕྱོགས་སུ་ཡོད་པར་བཤད།)15. ཀཉྩི (རྒྱ་གར་ལྷོ་ཕྱོགས་ཀྱི་དཀྱིལ་ཏྲི་ལིང་ཀ་ཞེས་པ་དེ་ཡིན་པར་བཤད། )16. ཧི་མ་ལ་ཡ། བོད་སྐད་དུ་རི་བོ་གངས་ཅན་ཞེས་རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པའི་རི་རྒྱུད་ཤིན་ཏུ་རིང་བ་ཞིག་གི་མིང་། 17. སྦེ་ཏ (མངའ་རིས་གུ་གེའི་ཡུལ་དུ་ཡོད།)18. གྲི་ཧ་དེ་ཝ་ཏ(ལི་ཡུལ་ལྕང་ར་སྨུག་པོའམ། དེང་སང་ཤིན་ཅང་དུ་འབོད་པའི་གནས་ཀྱི་ནུབ་ངོས་སུ་ཡོད་པར་བཤད།)19. སོ་ར་ཥྟྲ(འདི་བོད་སྐད་དུ་བཟང་པོ་ཅན་ཟེར་ཞིང་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ཞིག་ཡིན་པར་བཤད་པ་ལྟར་རང་རྒྱལ་ནས་པར་བསྐྲུན་བྱས་པའི་ས་བཀྲའི་ནང་དུ་རྒྱ་གར་ནུབ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ཞིག་ལ་སུ་ལ་ཐའོ་ཞེས་འཁོད་པ་དེ་ཡིན་སྙམ།)20. སུ་ཝརྣ་དཱི་པ(འདི་བོད་སྐད་དུ་གསེར་གླིང་ཟེར་ཞིང་། དེང་སང་ཨེན་རྡུ་ཉི་ཤི་ཡའི་རྒྱལ་ས་ཡ་ཙཱ་ཏཱ་ཡི་ནུབ་བྱང་ངོས་ཀྱི་གླིང་ཕྲན་ཆེ་བ་སུ་མན་ཏ་ལ་ཟེར་བ་དེ་ཡིན་ཞེ་ས་རྒྱ་རིགས་ཀྱི་མཁས་པའི་དབང་པོ་འགའ་ཞིག་གིས་གསུངས་པ་ཐོས།)21. ནཱ་ཀ་ར (རྒྱ་གར་བྱང་ཕྱོགས་བལ་ཡུལ་དང་ཁད་ཉེ་བར་ཆུ་བོ་གངྒཱའི་འགྲམ་དུ་གྲོང་ཁྱེར་པ་པ་ཏྲ་ལི་བུ་ཏྲ་འམ (བོད་སྐད་དུ་སྐྱ་བོའི་བུ་ཟེར)པ་ཋན་ཞེས་ནཱ་ག་རའི་ཡི་གེ་འབྱུང་བའི་ཡུལ་དེ་ཡིན་པར་བཤད། )22. སིན་དྷུ། གངས་རི་ཏི་སེའི་བྱང་ངོས་ནས་འབབ་པའི་ཆུ་བོ་སིན་དྷུ་ཞེས་པ། བོད་སྐད་དུ་སེངྒེ་ཁ་འབབ་ཟེར། དེ་མངའ་རིས་ཀྱི་ཡུལ་བརྒྱུད་དང་པོར་བྱང་དང་། དེ་ནས་པ་ལི་ཅ་སིའི་ལྷོ་ངོས་ནས་རེ་ཞིག་བར་ནུབ་དྲང་པོ་དང་དེ་ནས་ཀསྨིརའམ། ཁ་ཧྲི་སྨིར་གྱི་ཤར་ངོས་ནས་ནུབ་བྱང་བར་འཁྱོག་ནས་འབབ་ཅིང་། མཐར་ནུབ་པ་ཀི་སི་ཐན་གྱི་བྱང་ཤར་ནས་དཀྱིལ་དྲང་པོ་བརྒྱུད་རྒྱལ་ས་ཁ་ར་ཏྲིའམ་སྔ་དུས་ཁ་ར་ཋར་འབོད་པའི་ཉེ་འདབས་ནས་ཨ་ར་པིའི་རྒྱ་མཚོར་འབབ་པས། རྒྱལ་སའི་ཉེ་འདབས་སུ་གོང་གི་གནས་དེ་ཡོད་པར་བཤད། 23. མ་རུ། ཀསྨིར་གྱི་བྱང་ཕྱོགས་ཛ་ལནྡྷ་ར་འི་ཉེ་འདབས་སུ་ཡོད་པར་བཤད། 24. ཀུ་ལུ་ཏ། ཀསྨིར་གྱི་བྱང་ཕྱོགས་ཀྱི་མཐའ་མཚམས་མངའ་རིས་ཀྱི་ཡུལ་དང་ཐག་ཉེ་བར་ཡོད་པ་དང་། མངའ་རིས་པ་རྣམས་ཀྱིས་ཉུང་རྡའི་ཡུལ་ཞེས་འབོད་པའི་ནང་ཚན་ཞིག་ཡིན་པར་བཤད།
བདེ་མཆོག་སོགས་ལས་བཤད་པའི་ཕྱི་ནང་གི་ཡུལ་ཉེར་བཞི་རེ་ཡོད་པ། +
ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་བལ་བཟའ་ཁྲི་བཙུན་བོད་དུ་ཕེབས་སྐབས་རྟེན་སྐལ་དུ་བསྣམས་ཕེབས་པའི་སྐུ་སྟེ། ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། བྱམས་པ་ཆོས་འཁོར་མ། ཙན་དན་གྱི་སྒྲོལ་མ་གསུམ། +