Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་ནང་ཚན་ཞིག +
དགེ་སློང་གི་བསྲུང་བྱའི་ཁྲིམས་ཏེ། ཕམ་པ་བཞི། དགེ་སློང་གི་སྤང་བྱ་ལྷག་མ་བཅུ་གསུམ། སྤང་པའི་ལྟུང་བྱེད་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་བཅས། +
བརྒྱ་ནི་རྒྱ་གར་ཡུལ་ན་བཞུགས། བརྒྱ་ནི་རྒྱ་ནག་ཡུལ་ན་བཞུགས། བརྒྱ་ནི་གྲུ་གུའི་ཡུལ་ན་བཞུགས། དྲུག་ཅུ་བོད་ཀྱི་ཡུལ་ན་བཞུགས་ཅེས་གསུངས་སོ། +
ཤར་དུ་དུང་གི་ཕོ་ཉ་དྲུག་ཅུ། ལྷོར་ལྕགས་ཀྱི་ཕོ་ཉ་དྲུག་ཅུ། ནུབ་ཏུ་ཟངས་ཀྱི་ཕོ་ཉ་དྲུག་ཅུ། བྱང་དུ་གཡུའི་ཕོ་ཉ་དྲུག་ཅུ། སྟེང་དུ་གསེར་གྱི་ཕོ་ཉ་དྲུག་ཅུ། འོག་ཏུ་བསྭེའི་ཕོ་ཉ་དྲུག་ཅུའོ། +
སྨན་རྒྱུད་ཙ་ར་ཀ་ལས། བརྒྱ་དང་གཅིག་ནི་ཀུན་བརྟག་གདོན་གྱི་ནད། བརྒྱ་དང་གཅིག་ནི་འཕྲལ་བྱུང་རྐྱེན་གྱི་ནད། བརྒྱ་དང་གཅིག་ནི་འབྱུང་འདུས་གཞིའི་ནད། བརྒྱ་དང་གཅིག་ནི་སྔོན་བྱུང་རང་བཞིན་སྔོན་གྱི་ནད་ཅེས་པའོ། ཡང་ན། རླུང་གི་ནད་རིགས་བརྒྱ་དང་གཅིག མཁྲིས་པའི་ནད་རིགས་བརྒྱ་དང་གཅིག བད་ཀན་ནད་རིགས་བརྒྱ་དང་གཅིག ལྡན་འདུས་ནད་རིགས་བརྒྱ་དང་གཅིག་གོ +
1. ཆུ་ལས་བྱུང་བ་བརྒྱ། 2. རླུང་གིས་དེད་པ་བརྒྱ། 3. རྩི་སྨན་བརྒྱ། 4. རྡོ་སྨན་བརྒྱ། 5. སྔོ་སྨན་བརྒྱ། 6. ཤིང་སྨན་བརྒྱ། 7. གཤོག་པ་ཅན་བརྒྱ། 8. གདོང་པ་ཅན་བརྒྱ། 9. སྡེར་མོ་ཅན་བརྒྱ། 10. མཆེ་བ་ཅན་བརྒྱ་སྟེ་སྟོང་ངོ་། ཡང་ན། 1. རྨིག་པ་(ཁ་དབྲག) ཅན་བརྒྱ། 2. རྨིག་ཟླུམ་བརྒྱ། 3. དུག་དང་སྨན་མི་འབྱེད་དོ། འགྲོ་བ་གཟུགས་ཅན་ཐམས་ཅད་དང༌། ས་གཞི་རྩི་བཅུད་ཐམས་ཅད་དོ། +
ཞེ་སྡང་ལས་གྱུར་པའི་ཕོ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག གཏི་མུག་ལས་གྱུར་པའི་ཀླུ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག འདོད་ཆགས་ལས་གྱུར་པའི་མོ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག དུག་གསུམ་ཆར་ལས་གྱུར་པའི་གདོན་འདྲེ་ལ་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ། དེ་ལྟར་བགེགས་རིཊ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། ཞེས་སྤྲུལ་པའི་རྒྱལ་པོས་གསུངས་སོ། རྒྱུད་ལས། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང༌། མཁའ་ལྡིང་ལྟོ་འཕྱེ་མིའམ་ཅི། དྲི་ཟ་སྲིན་པོ་ཤ་ཟ་དང༌། འབྱུང་པོ་སྤྲུལ་པོ་ལུས་སྤྲུལ་པོ། སྐེམ་བྱེད་སྨྱོ་བྱེད་བརྗེད་བྱེད་དང༌། གཤིན་རྗེ་མ་མོ་ལ་སོགས་པའི། སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་དང་ཅེས་གསུངས་སོ། +
གཟུགས་ཀྱི་མཐའ་སྟེ། ཤིག་བདུན་ལ་ནས་གཅིག +
ཆུང་འབྲིང་ཆེ་གསུམ་སྐྱེས་བུ་སྟེ། སྐྱེས་བུ་ཆུང་ངུ་དང༌། འབྲིང་བ། ཆེན་པོ་གསུམ། +
འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དེ་གསུམ་ཆ་མཉམ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ་ཆ་མཉམ་པ་ཉིས་ཁྲི་ཆིག་སྟོང་རེ་རེ་གསུངས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ།ཚད་ནི་གླང་པོ་ཆེ་ས་སྲུང་གི་བུས་ཐེག་ཚད་ཀྱི་སྣག་ཚས་ཆོས་ཕུང་གཅིག་བྲིར་ནུས་སོ། ཡང་རང་གྲོལ་དབང་དྲག་རྒྱ་མཚོའི་ཞལ་ནས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་། ཉོན་མོངས་པ་བརྒྱ་ཁྲི་བཞི་སྟོང་གི་གཉེན་པོར་གསུངས་པ་སྟེ། དེ་ཡང་རྩ་བ་འདོད་ཆགས་ལས་གྱུར་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་ཉི་ཁྲི་ཆིག་སྟོང་གསུངས་ཏེ། དེ་ཡང་དབྱེ་ན་གཉེན་པོ་དམ་བཅའ་ལ་བརྟེན་པའི་ཁྲི་ཕྲག་གཅིག རང་བཞིན་ལ་བརྟེན་པའི་ཁྲི་ཕྲག་གཅིག ཟུང་འཇུག་ལ་བརྟེན་པའི་ཁྲི་ཕྲག་གཅིག་གསུངས་སོ། རྩ་བ་ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་ཆིག་སྟོང་གསུངས་ཏེ། དེ་ཡང་བྱང་སེམས་སྨོན་པ་ལ་བརྟེན་པའི་ཁྲི་ཕྲག་གཅིག འཇུག་པ་ལ་བརྟེན་པའི་ཁྲི་ཕྲག་གཅིག ཟུང་འཇུག་ལ་བརྟེན་པའི་ཁྲི་ཕྲག་གཅིག རྩ་བ་གཏི་མུག་ལས་གྱུར་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་མངོན་པ་ཉི་ཁྲི་ཚིག་སྟོང་གསུངས་ཏེ། དེ་ཡང་དབྱེ་ན། སྐྱེ་མེད་ལ་བརྟེན་པའི་ཤེས་རབ་ཁྲི་ཕྲག་གཅིག འགག་མེད་ལ་བརྟེན་པའི་ཤེས་རབ་ཁྲི་ཕྲག་གཅིག གཉིས་མེད་ཟུང་འཇུག་ལ་བརྟེན་པའི་ཤེས་རབ་ཁྲི་ཕྲག་གཅིག་གསུངས་སོ། རྩ་བ་དུག་གསུམ་ལ་ཆ་མཉམ་ལས་གྱུར་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་ཡོ་ག་ཉི་ཁྲི་ཆིག་སྟོང་གསུངས་ཏེ། དེ་ཡང་བསྐྱེད་རིམ་ལ་བརྟེན་པའི་ཁྲི་ཕྲག་གཅིག རྫོགས་རིམ་ལ་བརྟེན་པའི་ཁྲི་ཕྲག་གཅིག བསྐྱེད་རྫོགས་ཟུང་འཇུག་ལ་བརྟེན་པའི་ཡེ་ཤེས་ཁྲི་ཕྲག་གཅིག་གསུངས་སོ། +
སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཚུར་བསྡུས་ན་བརྒྱད་ཁྲི་བཞི་སྟོང་ཡོད། དེ་ཡང་སེམས་ཅན་འདོད་ཆགས་ཤས་ཆེ་བའི་གཉེན་པོར་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ཤས་ཆེ་བའི་གཉེན་པོར་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཉི་ཁྲི་ཆིག་སྟོང་། གཏི་མུག་ཤས་ཆེ་བའི་གཉེན་པོར་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཉི་ཁྲི་ཆིག་སྟོང་། དེ་གསུམ་ཆ་མཉམ་པའི་གཉེན་པོར་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཉི་ཁྲི་ཆིག་སྟོང་། བཅས་བསྡོམས་པས་བརྒྱད་ཁྲི་བཞི་སྟོང་ཡོད་ཟེར། +
གཏེར་དགུ་སྲུང་བའི་སྲིན་པོ་དགུ། +
མི་དགེ་བ་བཅུ་དང་དོན་གཅིག +
སྐར་རྩིས་ལུགས་ཀྱི་གཟའ་སྐར་བྱེད་པ་བཅུ་གཅིག་སྟེ་གདབ་པ་དང་། བྱིས་པ། དགེ་བ། ཏིལ་རྡུང་། ཁྱིམ་སྐྱེས། ཚོང་པ། པི་ཥྚི། བཀྲ་ཤིས། བཞི་མདོ། ཀླུ། མི་སྡུག་པ་བཅས་སོ། +
མཚུངས་པའི་དབྱངས་བཅུ་བཞི། ལེགས་སྦྱར་གྱི་དབྱངས་ཡིག་ཨ་ཨི་ཨུ་རྀ་བཞི་པོ་རེ་རེ་ལ་ཐུང་ངུ་། རིང་པོ། ཤིན་ཏུ་རིང་པོ་གསུམ་གསུམ་ཡོད་པས་བཅུ་གཉིས་དང༌། ལྀ་ཡིག་ལ་ཐུང་ངུ་དང་ཤིན་ཏུ་རིང་པོ་གཉིས་ཡོད་པས་བསྡོམས་ན་བཅུ་བཞི་ཡོད་དོ། +
གྲངས་ཅན་པའི་དེ་ཉིད་ཉེར་ལྔ་དང་དོན་གཅིག +
འཕགས་ཡུལ་སོགས་སུ་ཡོངས་གྲགས་ལུས་ངག་གི་སྒྱུ་རྩལ་དྲུག་ཅུ་རེ་བཞི་ནི། བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་དང༌། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱད་དགུ་སྟེ་དྲུག་ཅུ་རྩ་བཞིའོ། དེའི་དང་པོ་སུམ་ཅུ་ནི། 1. ཡི་གེ 2. ལག་རྩིས། 3. གྲངས། 4. རྩིས་ཆེན། 5. ཐོར་ཚུགས། 6. ཤོམ་སྟབས། 7. ལྕགས་ཀྱུས་བསྒྱུར་བ། 8. རལ་གྲིའི་ཐབས། 9. ཞགས་པས་གདབ་པ། 10. མདའ་བོ་ཆེ་འཕེན་པ། 11. མདུན་དུ་བསྣུར་བ། 12. ཕྱིར་བསྡུར་བ། 13. བཅད་པ། 14. དྲལ་བ། 15. དབུག་པ། 16. རྒྱང་ནས་འཕོག་པ། 17. གྲི་དྲག་པར་འཕོག་པ། 18. གནད་དུ་འཕོག་པ། 19. མི་འཆོར་བར་འཕོག་པ། 20. ཚབས་ཆེ་བར་འཕོག་པ། 21. མཆོངས་པ། 22. གྱད་ཀྱི་འཛིན་སྟངས། 23. བང་འགྲོས། 24. རྐྱལ་བ། 25. བརྒལ་བ། 26. གླང་པོ་ཆེའི་གཉར་ཞོན་པ། 27. རྟ་ཞོན་པ། 28. ཤིང་རྟའི་ཐབས། 29. མདའ་གཞུ། 30. གྱད་སྟོབས་དང་སུམ་ཅུའོ། གཉིས་པ་རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། 1. རྔ་པོ་ཆེ། 2. རྫ་རྔ་དཀྱུས་མ། 3. རྔ་ཟླུམ། 4. ལག་རྔ། 5. འཁར་རྔ། 6. པི་ཝང་རྒྱུད་གཅིག་པ། 7. རྫ་རྔ་ཁ་གཅིག་པ། 8. རྫ་རྔ་ཆེན་པོ། 9. ལྕགས་ཀྱི་སིལ་ཁྲོལ། 10. འཁར་བའི་སིལ་བཀྲོལ། 11. པི་ཝང་རྒྱུད་གསུམ་པ། 12. པི་ཝང་རྒྱུད་བདུན་པ། 13. རྔ་མུ་ཀུནྡ། 14. སིལ་སྙན། 15. གླུ་དབྱངས། 16. ཕེག་རྡེག 17. རྔ་ཆུང་། 18. གླིང་བུ་དང་བཅོ་བརྒྱད་དོ། གླུ་དབྱངས་ཀྱི་ངེས་པ་བདུན་ནི། 1. བར་མ། 2. དྲང་སྲོང་། 3. ས་འཛིན། 4. དྲུག་སྐྱེས་སམ་དྲུག་ལྡན། 5. ལྔ་བ། 6. བློ་གསལ། 7. འཁོར་ཉན་བདུན་ནོ། གར་གྱི་ཆ་བྱད་དགུ་ནི། 1. སྒེག་པ། 2. དཔའ་བ། 3. མི་སྡུག་པ། 4. དྲག་ཤུལ། 5. བཞད་གད། 6. འཇིགས་རུང་། 7. སྙིང་རྗེ། 8. རྔམས་པའམ་ངོ་མཚར་བ། 9. ཞི་བ་དང་དགུའོ། +
དགའ་ལྡན་གྱི་གྲྭ་ཚང་གོང་བྱང་རྩེ་ན་ཁམས་ཚན་བཅུ་གསུམ་ནི། 1.ཧ་གདོང་ཁམས་ཚན། 2.བསམ་བློ་ཁམས་ཚན། 3.ཀྲེ་བ་ཁམས་ཚན། 4.ཚ་བ་ཁམས་ཚན། 5.གསེར་ཁང་ཁམས་ཚན། 6.རྡོ་ར་ཁམས་ཚན། 7.གླུ་འབུམ་ཁམས་ཚན། 8. བྲ་ཉེ་ཁམས་ཚ། 9.བྲ་རི་ཁམས་ཚན། 10.རྒྱལ་རོང་ཁམས་ཚན། 11.གོ་བོ་ཁམས་ཚན། 12.ཀོང་པོ་ཁམས་ཚན། 13.མངས་རིས་ཁས་ཚན་བཅས་སོ། +
བཤེས་སྤྲིངས་ལས། རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང༌། ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱི་ནི། སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤང་། +
མེས་སྡུད་པའི་བསྐལ་པ། ཆུས་སྡུད་པའི་བསྐལ་པ། རླུང་གིས་སྡུད་པའི་བསྐལ་པ་གསུམ་མོ། +