Property:definition
Jump to navigation
Jump to search
This is a property of type Text.
D
ནོར་རམ་འབྲི་གཡག་སོགས་གནག་ཕྱུགས། +
རྒྱུ་ཆ་ཅུང་ཞན་པའི་སྣམ་བུའི་རིགས་ཤིག་སྟེ། ཞུད་འོག་ཅེས་པ་སྣམ་བུ་འབྲིང་ཙམ་ལ་ཟེར་ཞིང། སྤུ་ཕྲུག་ནི་དེ་ལས་ཅུང་ཙམ་ཞན་པ་ཞིག་ཡིན། +
སྤུ་བྱི་བའམ་སྤུ་བུད་པ་སྟེ། +
ཁོང་ཁྲོ་བཅག་པ། +
སྒྲ་ཆུང་ངུར་བྱས་པ། +
ཉེས་པ་བཤགས་པའི་དོན་དུ་བཤད། +
སྤུ་ཡོད་པའི་དར་གོས་སོགས་ཀྱི་རིགས། +
ཧ་ཅང་ཆུང་བའམ་ཕྲ་བའི་དོན། +
སྤུ་མདོག་ཁྲ་ཁྲ། +
མདོ། ཕར་ཕྱིན། མཚན་ཉིད། གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་བྱང་སེམས་ཀྱི་དྲོད་རྩེ་གང་རུང་གིས་བསྡུས་པའི་མངོན་རྟོགས། ས་མཚམས། ཐེག་ཆེན་གྱི་དྲོད་རྩེ་གཉིས་སུ་བསྒོམ་པར་བྱ་བ་ཡིན་ཏེ། དེར་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ལྷག་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། ། གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ལ་གསུམ་ལས། དང་པོ་བསམ་བྱུང་གི་རིགས་པ་ནི། སྔོན་པོ་དང་དེ་འཛིན་པའི་བློ་དག་རྫས་གཞན་དུ་བདེན་པར་མེད་དེ། དམིགས་བྱེད་ཀྱི་བློ་གཅིག་གིས་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར་རོ། །ཟླ་གཉིས་ཀྱི་རྣམ་པ་བཞིན། རྟགས་གྲུབ་སྟེ། སྔོན་པོ་མ་དམིགས་ན་སྔོ་འཛིན་མི་དམིགས་པའི་ཕྱིར་ཏེ། སྔོ་འཛིན་ནི་སྔོན་པོས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །སྔོ་འཛིན་མ་དམིགས་ན་ཡང་སྔོན་པོ་མེད་དེ། ཤེས་བྱེད་མེད་པས་ཤེས་བྱ་མེད་པའི་ཕྱིར། གཉིས་པ་བསྒོམས་བྱུང་གི་རྣལ་འབྱོར་ནི། ཕུང་པོ་སོགས་ལ་དམིགས་ཏེ་དོན་དུ་སྣང་བ་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི། ཕྱི་རོལ་གྱི་དོན་ནི་མེད་དོ། །ཞེས་བྱ་བ་རྩེ་གཅིག་ཏུ་ཡིད་ལ་བྱེད་ཅིང་བསྒོམ་མོ། །གསུམ་པ་བསྒོམས་པའི་འབྲས་བུ་ནི། བསྒོམས་པའི་སྟོབས་གྲུབ་པ་ན་སྣང་བ་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་པའོ། །འཛིན་པ་ལ་ནི་སྒྲོ་འདོགས་མ་ཆོད་དེ། འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་བདེན་པར་མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། +
སྤུ་ཟིང་བྱེད་པ་ནི་བ་སྤུ་ལངས་པ་ཞེས་དབྱངས་ཅན་དགའ་བློས་གསུངས་ཤིང་འཇིགས་པའི་ཉམས་ཤིག་གོ ། +
ལུས་ཀྱི་བ་སྤུ་གྱེན་དུ་འགྲེང་བའི་རྣམ་པ། +
སྐྲ་སོགས་སྒོར་སྒོར་དུ་སྐྱེས་པའི་དོན། +
ས་གདན་སོགས་བཏགས་ནས་དེའི་སྤུ་སྙིགས་འཕྱག་པའི་བྱ་བའི་མིང་། +
བལ་སྤུ་སོགས་ཕན་ཚུན་འདྲེས་པའི་རྣམ་པ་སྟེ། +
རྔ་ཡབ་སྟེ། ལྕུག་ཕྲན་དུ་བྱ་སྤུ་བསྡམས་པའི་ཕོན་པོ་ཡིན་པས་ནའོ། ། +
སྤྲོ་བ། +
སྤུ་ཧྲེང་གི་འབྲི་ཚུལ་གཞན། +
ཕག་པ་སྟེ། ལུས་ལ་ཁབ་དང་འདྲ་བའི་སྤུ་མཁྲེགས་ཤིང་རིང་བ་སྐྱེས་ཡོད་པས་ནའོ། ། +
སྤུའི་རི་མོའམ་སྤུ་མདོག +