Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
རྐང་ལག་བཞི། མཇུག་མ་གསེག་པ་དང་། རླིག་པ་འདོམས་ཀྱི་བར་ན་འདུག་པ་དང་། སྣ་ལེགས་པར་གནས་པ་སྟེ་བདུན་ནོ། +
དྲུག་སྐྱེས་རྨ་བྱའི་སྐད་དང༌། དྲང་སྲོང་ངམ་ཁྱུ་མཆོག་བ་ལང་གི་སྐད། ས་འཛིན་ར་ཡི་སྐད། བར་མ་ཁྲུང་ཁྲུང་གི་སྐད། ལྔ་ལྡན་ཁུ་བྱུག་གི་སྐད། བློ་གསལ་རྟ་ཡི་སྐད། འཁོར་ཉན་གླང་པོ་ཆེའི་སྐད་དེ་བདུན། +
ཕུང་པོ། སྐྱེ་མཆེད། ཁམས། རྟེན་འབྲེལ། ཟས། བདེན་པ། བྱང་ཕྱོགས་ཀྱི་ཆོས་རྣམས་སོ། +
1. འོ་མ་ཅན་གྱི་རྒྱ་མཚོ་དང་། 2. ལན་ཚྭའི་རྒྱ་མཚོ། 3. སྦྲང་རྩིའི་རྒྱ་མཚོ། 4. མངར་བའི་རྒྱ་མཚོ། 5. ཞོའི་རྒྱ་མཚོ། 6. བུ་རམ་གྱི་རྒྱ་མཚོ། 7. ཆང་གི་རྒྱ་མཚོའོ། +
གཞུང་ཆེན་གྱི་ཚིག་དོན་བམ་པོ་སོགས་ཀྱི་གོ་རིམ་མི་འཁྲུག་པར་བྱེད་པའི་རྟགས་སམ། རྒྱ་རྣམ་པ་བདུན་ཏེ། ཚེག་གི་རྒྱ་དང་། ཤད་ཀྱི་རྒྱ། ལེའུའི་རྒྱ། བམ་པོའི་རྒྱ། བམ་གྲངས་ཀྱི་རྒྱ། སྣེ་ཐིག་གི་རྒྱ། གདོང་ཡིག་གི་རྒྱའམ་སྤྱན་ཁྱེར་གྱི་རྒྱ་སྟེ་བདུན། +
1. གླང་པོ་ཆེ་སྟོབས་ཀྱི་རྒྱན། 2. སེང་གེ་མི་འཇིགས་པའི་རྒྱན། 3. རི་དྭགས་ཀྲི་ཥྞ་ཤ་ར་སྙིང་རྗེའི་རྒྱན། 4. ཤ་ར་དགེ་སྡིག་བྱ་རའི་རྒྱན། 5. བྱ་ངང་པ་བྱམས་པའི་རྒྱན། 6. ཆུ་སྲིན་ཐུགས་རྗེའི་རྒྱན། 7. ཀླུ་འབྲུག་ཡེ་ཤེས་ཀྱི་རྒྱན། 8. བྱ་ཁྱུང་ནི་བྱིན་རླབས་ལྟ་བའི་རྒྱན་ནོ། +
རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་དོན་གཅིག +
འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། +
མར་ཤེས། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག་སེམས་བསྐྱེད་དེ་བདུན་ནོ། +
སྡིག་པ་བཤགས་པ། རྗེས་སུ་ཡིད་རང་བ། དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ། སྐྱབས་སུ་འགྲོ་བ། སྨོན་སེམས་བསྐྱེད་པ། འཇུག་སེམས་བསྐྱེད་པ། བསྔོ་བ་རྣམས་སོ། +
གཞན་གྱི་འབྱོར་པ་དང་རང་གི་འབྱོར་པ་གཉིས། +
བར་མ། དྲང་སྲོང་། ས་འཛིན། དྲུག་སྐྱེས། ལྔ་ལྡན། བློ་གསལ། འཁོར་ཉན་རྣམས་སོ། +
ང་རྒྱལ་དང་། ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙམ་པའི་ང་རྒྱལ། མངོན་པའི་ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ། ལོག་པའི་ང་རྒྱལ་ཏེ་བདུན། +
ལུས་ཀྱི་ལག་རྩ་འཕར་སྟངས་ལ་བརྟེན་ནས་བརྟག་པའི་མོ་ཕྱྭ་བདུན་ཏེ་ཁྱིམ་ཕྱྭ་དང་། མགྲོན་ཕྱྭ། དགྲ་ཕྱྭ། གྲོགས་ཕྱྭ། གདོན་ཕྱྭ། ཕ་བུ་གོ་ལྡོག་གི་ཕྱྭ། མ་བུ་གོ་ལྡོག་གི་ཕྱྭ་བཅས། +
ཇི་སྐད་དུ། ཡེ་ཤེས་འཇུག་ཀ་ཏ་ཡ་བུས། རབ་ཏུ་བྱེད་པ་དབྱིག་གཉེན་ཀྱིས། རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། གདམས་པའི་བསྟན་བཅོས་(གདམས་པའི་གཙུག་ལག་བསྟན་བཅོས་) མོའུ་འགལ་བུས། འགྲོ (སྒྲོལ་)བའི་རྣམ་གྲངས་གསུས་པོ་ཆེས། ཁམས་ཀྱི་ཚོགས་ནི་གང་པོ་བྱས། ཞེས་གསུངས་པ་ལྟར་རོ། +
ཕྱག་འཚལ་བའི་ཡན་ལག་དང་། མཆོད་པ་འབུལ་བའི་ཡན་ལག བཤགས་པའི་ཡན་ལག རྗེས་སུ་ཡི་རང་བའི་ཡན་ལག སྐྱབས་སུ་འགྲོ་བའི་ཡན་ལག བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡན་ལག བསྔོ་བའི་ཡན་ལག་སྟེ་བདུན། +
ཤཱཀྱ་མུ་ནེས་དུས་འཁོར་རྩ་རྒྱུད་ཐོག་མར་གསུང་སྐབས། ཞུ་བ་པོ་ཤམ་བྷ་ལའི་རྒྱལ་བོ་ཟླ་བ་བཟང་པོ་ཡིན་ལ། དེས་དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་བ་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་མཛད། རྩ་རྒྱུད་གསུངས་པའི་ལོ་རྗེས་མ་དེར་རྒྱལ་པོ་རང་ཉིད་ཀྱི་ཕོ་བྲང་དེའི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་ཆེན་པོའི་དབུས་དུས་འཁོར་གྱི་བློས་བསླངས་བཞེངས་ནས་འདས། དེའི་རྗེས་སུ། 1. རྒྱལ་པོ་ཟླ་བ་དང༌། 2. ལྷ་དབང་། 3. གཟི་བརྗིད་ཅན། 4. ཟླ་བས་བྱིན། 5. ལྷའི་དབང་ཕྱུག 6. སྣ་ཚོགས་གཟུགས། 7. ལྷའི་དབང་ལྡན་རྣམས་ཀྱིས་ཆོས་བསྟན་ནས་རྒྱལ་པོ་མཛད་དོ། +
གཡའ་ཀྱི་མ། སྟོང་ཟིལ། གངྒཱ་ཆུང་། ཧོང་ལེན། ཏིག་ཏ། བོང་དཀར། སྤང་རྩི་དོ་བོའོ། +
ཆུ་ནི་ཆར་ཆུ། གངས་ཆུ། ཀླུང་ཆུ། ཆུ་མིག ཁྲོན་པ། བ་ཚྭ། ཤིང་གི་ཆུ། རིམ་པས་དང་པོ་མཆོག་ཡིན། +
རིགས་བཟང་བ། གཟུགས་མཛེས་པ། ཚེ་རིང་བ། ནད་མེད་པ། འབྱོར་པ་ཆེ་བ། སྐལ་བ་བཟང་བ། ཤེས་རབ་ཆེ་བ་བཅས་བདུན་ལ་མཐོ་རིས་ཡོན་ཏན་བདུན་ཟེར་བས་དེ་ལ་སྐབས་འདིར་ཆེ་བའི་ཡོན་ཏན་བདུན་ཞེས་བཏགས་པ་རེད། +