Property:definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
ཧ་ཅང་ཐལ་དྲགས་པ་མིན་པའམ། འབྲིང་ཙམ་པ་སྟེ།  +
ཁུངས་ལུང་དང་རྒྱུ་མཚན་གསལ་པོ་མེད་པར་ཕྱོགས་ཙམ་ཞིག་འཆད་པའི་དོན་ཏེ།  +
བྲེལ་སྟབས་ཚ་པོའམ་ཟ་ངེ་ཟིང་ངེ་མིན་པར་བག་ཆགས་ཤིང་མཛེས་ཙམ་ཡོད་པའི་རྣམ་པ་སྟེ།  +
ཕྱི་ནང་མི་མཚུངས་པའམ། རྣམ་འགྱུར་དང་དོན་དངོས་མི་མཚུངས་པའི་བྱ་སྤྱོད།  +
ཞིབ་ཚགས་མིན་པའམ། གནད་བསྡུས་ཙམ་ལས་ཁ་གསལ་མེད་པ།  +
འདྲ་ཆགས་སམ་ཁ་ཁོག་མི་མཚུངས་པའི་རྣམ་འགྱུར།  +
ཟ་ངེ་ཟིང་ངེ་མིན་པར་ཚུལ་དང་མཐུན་ཞིང་མཚར་བ།  +
མདོ། ཕར་ཕྱིན། ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་ཅིག་ཅར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་གཟུང་བའི་དོན་དུ་སྤྲོས་པ་བཀག་པའི་ཆ་ནས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་འཇོག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱིས། ཐེག་ཆེན་འཕགས་པའི་ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་གཅིག་ཆར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་གཟུང་བ་ཕྱི་རོལ་གྱི་དོན་དུ་ཞེན་པའི་སྤྲོས་པ་བཀག་སྟེ། གཞི་གཟུང་བ་ཆོས་ཀྱི་(བདག་གི་)སྐྱེ་མེད་དུ་རྟོགས་པའི་ལྡོག་ཆ་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སོ། །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །  +
སྤམ་མེ་སྤོམ་མེའི་བསྡུས་ཚིག  +
ཁང་པ་སོགས་རྩིག་བྱེད་ཀྱི་སོ་ཕག  +
སྤོར་གྱི་མ་འོངས་པ་དང་འདས་པ།  +
སྤར་མོ་ཡི་མིང་མཐའ་བསྡུས་པ།  +
པར་གྱི་འབྲི་ཚུལ་གཞན།  +
གསུམ་པ་སྤར་ཁའི་རྡེའུ་ནི། །འདི་ནི་མི་ཡི་ཕོ་མོ་ཡིན། །སྐྱེས་པ་ལི་ནས་ཐུར་དུ་སྦུབས། །ལི་ནི་མེ་སྦྲུལ་ཁོན་ས་ལུག ། དྭ་ནི་ལྕགས་སྤྲེལ་ཁེན་ས་ཁྱི། །ཁམ་ནི་ཆུ་ཕག་གིན་ས་གླང་། །ཟིན་ནི་ཤིང་སྟག་ཟོན་ས་འབྲུག ། བུད་མེད་ཁམ་ནས་གྱེན་དུ་བཀན། །ཁམ་ནི་ཆུ་བྱི་དྭ་ལྕགས་བྱ། །ལི་ནི་མེ་རྟ་ཟིན་ཤིང་ཡོས། །མཚམས་བཞི་ཕོ་མོ་གཉིས་ཀ་འདྲ། །  +
གཤིིན་རྩིས་སྐབས་སུ་གཤིན་པོ་གང་ལ་སྙད་དང་ལེ་ལན་ཅི་ལས་བྱུང་བ་ཕྱི་ནང་བར་གསུམ་གྱི་སྒོ་ནས་བརྩི་བའི་ནང་གསེས་ནང་གི་ལེ་ལན་ལ་ཟེར་ཞིང་། དེ་ནི་གཤིན་པོ་དག་ཚེ་ལས་འདས་སྐབས་ཀྱི་བབས་སྤར་གང་ཡིན་ལ་བརྟེན་པའི་ལེ་ལན་ཡིན། སྤར་ཁའི་ལེ་ལན་སྤྱི་ནི་གསོན་རྩིས་ལས་བསྟན་པའི་སྤར་ཁའི་བསྲུང་བྱ་ཉམས་པའམ་ནད་གདོན་ཕོག་པ། དེ་མིན་དགྲ་དང་འཕྲལ་གྱི་རྐྱེན་བཅས་ཡིན་ཞིང་། ཁྱད་པར་དུ་བབས་སྤར་ལིའི་སྟེང་དུ་ཤི་ན་ནུབ་བྱང་མཚམས་སུ་བླ་བདུད་ཀྱིས་བཅད་པ་དང་། རྟ་ཞྭ་གཡུ་བྱང་ཉོས་པ། མེ་ལས་ཧོམ་སར་ཕྱིན་པ། ཤིང་བཅད་པ། དམར་ཟས་སོགས་ཀྱིས་ལན་པར་བཤད། ཁོན་སྟེང་དུ་ཤི་ན་བྱང་དུ་བླ་བདུད་ཀྱིས་བཅད་ཅིང་ས་སྲིན་གྱིས་ཁྱེར་བ་དང་། ཤིང་གཉན་བཅད་ཅིང་རྡོ་གཉན་སློག་པ། ཟར་ཕྱེའམ་ཤ་དམར་ཟོས་པ་སོགས་ཀྱིས་ལན་པར་བཤད། དྭའི་སྟེང་དུ་ཤི་ན་བྱང་དུ་བླ་བདུད་ཀྱིས་བཅད་ཅིང་བཙན་གྱིས་ཁྱེར་བ་དང་། དམེ་ཕོ་བསྟེན་པ། ར་ཤ་ཟོས་པ་སོགས་ཀྱིས་ལན་པར་བཤད། ཁེན་སྟེང་དུ་ཤི་ན་ལྷོ་རུ་བླ་བདུད་ཀྱིས་བཅད་པ་དང་། འཕྱི་ཤ་འཁོན་ཟས་ཟོས་པ། རྫ་མཁན་བུ་མོ་སོགས་ཀྱིས་ལན་པར་བཤད། ཁམ་སྟེང་དུ་ཤི་ན་ལྷོ་ནུབ་མཚམས་སུ་བླ་བདུད་ཀྱི་བཅད་ཅིང་ཀླུ་བསེན་གྱིས་ཁྱེར་བ་དང་། བྱ་ཉ་གླང་ཕག་གི་ཤ་ཟོས་པ། རོ་སྦེད་དོང་ཁར་ཕྱིན་པ་སོགས་ཀྱིས་ལན་པར་བཤད། གིན་སྟེང་དུ་ཤི་ན་ཤར་ལྷོའི་མཚམས་སུ་བླ་བདུད་ཀྱིས་བཅད་ཅིང་རྦད་འདྲེས་ཁྱེར་བ་དང་། གླང་དམར་དཔྱི་ལྷུ། ལྷོག་ཤ་སོགས་ཀྱིས་ལན་པར་བཤད། ཟིན་སྟེང་དུ་ཤི་ན་ནུབ་ཏུ་བླ་བདུད་ཀྱིས་བཅད་ཅིང་རྒྱལ་གདོན་གྱིས་ཁྱེར་བ་དང་། བྱ་ཤ་རི་བོང་ཤ་སོགས་ཀྱིས་ལན་པར་བཤད། ཟོན་སྟེང་དུ་ཤི་ན་བྱང་ཤར་མཚམས་སུ་བླ་བདུད་ཀྱིས་བཅད་པ་དང་། མཛོ་གླང་གི་ཤ་ཟོས་པ། འདུ་ལོང་ཀླུང་དམར་སོགས་ཀྱིས་ལན་པར་བཤད།  +
མཚོན་བྱེད་སྦྲུལ་བའི་རུས་སྦལ་གྱི་རྣམ་ཤེས་ཚོགས་བརྒྱད་ལས་བྱུང་བར་གླེང་བའི་རྒན་མོ་ཁོན་དང་། བུ་མི་འབྲིང་བ་ལི། བུ་མོ་ཆེ་བ་ཟོན། བུ་མོ་ཆུང་བ་ཟིན། རྒན་པོ་ཁེན། སྒུར་པོ་མི་གཙང་ཁམ། བུ་ཚ་སྔོན་མ་གིན། བུ་འབྲིང་གཅོད་བྱེད་དྭ་བཅས་བརྒྱད་ཡིན། དེ་དག་གི་ཁམས་དང་གནས་པའི་ཕྱོགས་ནི་ལི་ཁམས་མེ་དང་གནས་ཕྱོགས་ལྷོ། ཁོན་ཁམས་ས་དང་གནས་ཕྱོགས་བདེན་བྲལ། དྭ་ཁམས་ལྕགས་དང་གནས་ཕྱོགས་ནུབ། ཁེན་ཁམས་གནམ་དང་གནས་ཕྱོགས་རླུང་། ཁམས་ཆུ་དང་གནས་ཕྱོགས་བྱང་། གིན་ཁམས་རི་དང་གནས་ཕྱོགས་དབང་ལྡན། ཟིན་ཁམས་ཤིང་དང་གནས་ཕྱོགས་ཤར། ཟོན་ཁམས་རླུང་དང་གནས་ཕྱོགས་མེ་བཅས་ཡིན། འདིའི་སྐབས་ཀྱི་མཁའ་རི་རླུང་གསུམ་སར་བསྡུ་བས་མདོ་དོན་འབྱུང་བ་ལྔ་ལས་མེད་ཅིང་། བརྩི་བྱའི་ཆ་ནས་བཤད་ན་ཚེ་གང་བོར་མི་འགྱུར་བའི་སྤར་ཁ་སྐྱེས་སྤར་ཞེས་པ་གཅིག་དང་། ལོ་རེ་བཞིན་འགྱུར་ནས་འགྲོ་བའི་སྤར་ཁ་བབས་སྤར་ཞེས་པ་གཅིག་བཅས་གཉིས་རེ་ཡོད།  +
ནང་ཀེག་སྤར་ཁའི་ཀེག་རྩིས་ནི། བྱ་སྤྲེལ་ལོ་བ་སྤར་ཁ་ལི་ཐོག་ཏུ་ཕྱིན་ཚེ་བྱ་སྤྲེལ་ལོ་བ་དགྲ་ཐོག་ཏུ་སླེབས་པས་རྩུབ། ཁྱི་འབྲུག་གླང་ལུག་བཞི་མཚམས་བཞི་ལ་གནས་པས་འབྱུང་བ་ས་ཡིན། ས་མ་མེ་སྤར་ཁ་ལི་ཐོག་ཏུ་ཁྱི་འབྲུག་གླང་ལུགས་བཞི་མ་ཐོག་འཇམ། བྱི་ཕག་ཁོན་ཕྱིན་དགྲ་ཐོག་རྩུབ། །བྱ་སྤྲེལ་ལོ་བ་མ་ཐོག་འཇམ། །ལྷག་མ་དྲུག་ལ་དེ་ཡིས་འདྲེས། །རྩུབ་ཚེ་བཅོས་པའི་ཐབས་ལ་འབད། །  +
སྤར་ཁའི་གནམ་སྒོ་ལ་སྤྱི་དང་བྱེ་བྲག་གཉིས་ཡིད་དེ། བརྩི་བྱ་སྤྱིའི་གནམ་སྒོ་ནི་ཁེན་དང་། བྱེ་བྲག་གི་གནམ་སྒོ་ནི་བརྩི་བྱ་སོ་སོའི་སྲོག་ཁམས་ཀྱི་མ་ཁམས་ཡིན་པའི་སྤར་ཁ་དག་ཡིན། དཔེར་ན་སྟག་ཡོས་གཉིས་ལ་མཚོན་ན་སྲོག་ཁམས་ཤིང་ཡིན་པས། ཤིང་མ་ཆུ་ཁམས་ཡིན་པའི་སྤར་ཁ་ཁམ་ནི་སྲོག་ཁམས་དེ་ལྡན་གྱི་བརྩི་བྱའི་བྱེ་བྲག་གི་སྤར་ཁའི་གནམ་སྒོ་ཡིན་པ་ཇི་བཞིན་དུ། སྲོག་ཁམས་མེ་ཡིན་པའི་བརྩི་བྱ་རྟ་སྦྲུལ་གཉིས་ལ་མཚོན་ན་ཟིན། སྲོག་ཁམས་ལྕགས་ཡིན་པའི་བརྩི་བྱ་བྱ་སྤྲེལ་གཉིས་ལ་མཚོན་ན་ཁོན་ནམ་མཚམས་སྤར་བཞི། སྲོག་ཁམས་ཆུ་ཡིན་པའི་བརྩི་བྱ་བྱི་ཕག་གཉིས་ལ་མཚོན་ན་དྭ། སྲོག་ཁམས་ས་ཡིན་པའི་བརྩི་བྱ་གླང་ལུག་ཁྱི་འབྲུག་བཞི་ལ་མཚོན་ན་ལི་བཅས་ནི་སོ་སོའི་བྱེ་བྲག་གི་སྤར་ཁའི་གནམ་སྒོ་ཡིན།  +
བརྩི་བྱ་དག་གི་རང་ལོའི་སྲོག་ཁམས་ཀྱི་དགྲ་ཁམས་ཡིན་པའི་སྤར་ཁ་ལ་ཟེར་ཞིང་། དེ་བས་སྟག་ཡོས་རང་ལོ་ཡིན་པའི་བརྩི་བྱར་མཚོན་ན། དེ་གཉིས་ཀྱི་སྲོག་ཁམས་ཤིང་ཡིན་པས། ཤིང་དགྲ་ལྕགས་ཁམས་ཡིན་པའི་སྤར་དྭ་ནི་སྤར་ཁའི་གཤེད་སྒོ་ཡིན། དེ་ལྟར་ལགས་པས་རྟ་སྦྲུལ་གཉིས་ཀྱི་སྤར་ཁའི་གཤེད་སྒོ་ཁམ་དང་། བྱ་སྤྲེལ་གཉིས་ཀྱི་སྤར་ཁའི་གཤེད་སྒོ་ལི། བྱི་ཕག་གཉིས་ཀྱི་སྤར་ཁའི་གཤེད་སྒོ་ཁོན་ནམ་མཚམས་སྤར་བཞི། གླང་ལུག་ཁྱི་འབྲུག་བཞིའི་སྤར་ཁའི་གཤེད་སྒོ་ཟིན་བཅས་ཡིན།  +
སྤྱིར་བུ་མོ་སུ་ཞིག་བག་མར་རྫོང་ལོའི་བབས་སྤར་གྱི་ཁམས་རང་ལོའི་སྲོག་དང་སྐྱེས་སྤར་གང་རུང་གི་ཁམས་ཀྱི་དགྲར་འགྲོ་བ་ལ་ཟེར་ཞིང་། ཞིབ་ཙམ་བྱས་ན་སྲོག་གཅིག་པུ་མ་ཡིན་པར་ལུས་དབང་ཀླུང་གསུམ་ལས་གང་གི་དགྲར་སོང་ཡང་སྤར་ཁའི་ངན་ཀླུང་ཡིན། གལ་སྲིད་བག་མ་ལྕགས་བྱི་ལོ་མ་ཡིན་པར་ཆ་བཞག་ན། སྲོག་ཁམས་ཆུ། ལུས་ཁམས་ས། དབང་ཁམས་ལྕགས། ཀླུང་ཁམས་ཤིང་བཅས་ཡིན་པས། བབས་སྤར་ཁོན་ལ་བབས་ན་སྲོག་ཁམས་ཀྱི་དགྲ་སྤར་ཡིན་ལ། དུས་དེར་བརྫངས་ན་བུད་བབས་ཡིན་པས་ཕྱུགས་གཅིག་ཚེ་ཐར་ལ་གཏོང་བ་དང་བྱིས་སྟོན་རྒྱ་ཆེར་བྱེད་དགོས། བབས་སྤར་ཟིན་ལ་བབས་ན་ལུས་ཁམས་ཀྱི་དགྲ་སྤར་ཡིན་ལ། དུས་དེར་བརྫངས་ན་ན་ཚ་མོད་པས་འགྲོ་བའི་ཉིན་འབྲུ་བདུན་གྱི་ཆོ་ག་གོས་སེར་བསྐོན་དགོས། བབས་སྤར་ལི་ལ་བབས་ན་དབང་ཁམས་ཀྱི་དགྲ་སྤར་ཡིན་ལ། དུས་དེར་བརྫངས་ན་ཁ་ཉེས་ས་ཡིན་པས་གོས་དཀར་བསྐོན་ནས་ཐུར་དུ་རྫོང་དགོས། བབས་སྤར་དྭ་ལ་བབས་ན་ཀླུང་ཁམས་ཀྱི་དགྲ་སྤར་ཡིན་ལ། དུས་དེར་བརྫངས་ན་ན་ཚའི་ཉེན་དང་འདྲེ་ཡིས་བརླག་ལྟས་ཡོད་པས། གཙུག་ཏོར་ནག་མོ་ལོ་གྲངས་བཏོན་ནས་སྲུང་བ་བཏགས་ཏེ་བསྐྱལ་དགོས། གཞན་ཡང་རང་ལོ་གླང་སྟག་ཡོས་གསུམ་དུ་གཏོགས་པའི་མག་བག་བབས་སྤར་གིན་དང་། འབྲུག་སྦྲུལ་རྟ་གསུམ་དུ་གཏོགས་པའི་མག་བག་བབས་སྤར་ཟོན། ལུག་སྤྲེལ་བྱ་གསུམ་དུ་གཏོགསཔའི་མག་བག་བབས་སྤར་ཁོན། ཁྱི་ཕག་བྱི་གསུམ་དུ་གཏོགས་པའི་མག་བག་བབས་སྤར་ཁེན་བཅས་ལ་བབས་དུས་བཟའ་མི་བྱེ་བྲལ་བྱེད་པའི་ས་ཡིན་པས། དུས་དེར་ཡང་བག་མ་གཏོང་ལེན་བྱེད་པར་འཛེམ་དགོས།  +