Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ཉེ་བའི་སྲས་ཆེན་བརྒྱད་ལའང་། +
1. ད་ལི་མེ་ཏོག་སྲང་དོ། 2. བཅའ་སྒ་སྲང་དོ། 3. པི་པི་ལིང་སྲང་དོ། 4. ཕོ་བ་རིས་དཀར་པོ་སྲང་དོ། 5. ཛ་ཏི་སྲང་དོ། 6. སུག་སྨེལ་སྲང་གང་། 7. ཟི་ར་ནག་པོ་སྲང་གང་། 8. ཀ་ཀོ་ལ་སྲང་གང༌། +
སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ། རྫུན་དུ་སྨྲ་བ། ཆང་འཐུང་བ། འཕྲེང་སོགས་གར་སོགས་གཅིག་ཏུ་བྱས་པ། མལ་སྟན་ཆེ་མཐོ། དུས་མ་ཡིན་པའི་ཁ་ཟས་ཟ་བ་རྣམས་སོ། +
སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་སྨྲ། ཆང་འཐུང༌། ཁྲི་སྟན་ཆེ་མཐོ། གླུ་གར་དང་དྲི་རྒྱན། ཕྱི་དྲོའི་ཁ་ཟས་ཏེ་བརྒྱད་སྤོང་བའི་སྡོམ་པ། +
1. གྲངས་ཅན་པ་དང་། 2. ཚངས་པ་བ། 3. ཁྱབ་འཇུག་པ། 4. དཔྱད་པ་བ། 5. དབང་ཕྱུག་པ། 6. བྱེ་བྲག་པ། 7. རིག་པ་ཅན་པ། 8. གཅེར་བུ་པ་བཅས་ཀྱི་གྲུབ་མཐའ་བརྒྱད། +
བཀྲ་ཤིས་རྟགས་བརྒྱད་དང་དོན་གཅིག +
ཀླུ་སྒྲུབ་དང༌། ཐོགས་མེད། འཕགས་པ་ལྷ། དབྱིག་གཉེན། ཕྱོགས་གླང་། ཚོས་གྲགས་ཏེ་རྒྱན་དྲུག་དང༌། ཡོན་ཏན་འོད་དང་། ཤཱཀྱ་འོད་དེ་མཆོག་གཉིས། ཡང་ན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་མཆོག་གཉིས་སོ། +
མངོན་སུམ་ཡང་དག མངོན་སུམ་ལྟར་སྣང་། རྗེས་དཔག་ཡང་དག རྗེས་དཔག་ལྟར་སྣང་། སྒྲུབ་པ་ཡང་དག སྒྲུབ་པ་ལྟར་སྣང་། སུན་འབྱིན་ཡང་དག སུན་འབྱིན་ལྟར་སྣང་ངོ་། +
1. ཤིང་ཏོག་འབྲས་བུ་མ་སྨིན་པ་ལྟ་སྟངས་བྱས་ནས་ས་ལ་འབེབས་ནུས་པ། 2. མཁྲེགས་ཤིང་གྱེན་དུ་སྐྱེས་པའི་ཤིང་ལ་ལྟ་སྟངས་བྱས་པ་ཙམ་གྱིས་ཐུར་དུ་འགུག་ནུས་པ། 3. རྒྱང་རིང་དུ་ཡོད་པའི་ཤིང་ཏོག་དང་མེ་ཏོག་སོགས་ལ་ལྟ་སྟངས་བྱས་པ་ཙམ་གྱིས་རང་གི་མདུན་དུ་དགུག་ནུས་པ། 4. གཅན་གཟན་གདུག་པ་ཅན་ལ་ལྟ་སྟངས་བྱས་པ་ཙམ་གྱིས་རང་གི་དབང་དུ་བྱ་བ། 5. སྔང་རང་ཉིད་ཀྱིས་ལྟ་སྟངས་བྱས་ནས་ས་ལ་ཕབས་པའི་ཤིང་ཏོག་རྣམས་ལ་སླར་ཡང་ལྟ་སྟངས་བྱས་པས་རང་སར་འབྱོར་ནུས་པ། 6. སྔར་རང་ཉིད་ཀྱིས་ལྟ་སྟངས་བྱས་ནས་ཐུར་དུ་བཀུགས་པའི་ཤིང་ལ་སླར་ཡང་ལྟ་སྟངས་བྱས་པས་སྔར་བཞིན་དུ་བསྒྱུར་ནུས་པ། 7.སྔར་རང་ཉིད་ཀྱིས་ལྟ་སྟངས་བྱས་ནས་མདུན་དུ་བཀུག་པའི་ཤིང་དང་མེ་ཏོག་རྣམས་ལ་སླར་ཡང་ལྟ་སྟངས་བྱས་པས་རང་རང་སོ་སོའི་གནས་སུ་བསྐྱལ་ནུས་པ། 8. སྔར་རང་ཉིད་ཀྱིས་ལྟ་སྟངས་བྱས་ནས་བསད་པའི་གཅན་གཟན་གདུག་པ་ཅན་ལ་སླར་ཡང་ལྟ་སྟངས་བྱས་པས་གསོན་པོར་གསོ་ནུས་པ། བཅས་བརྒྱད་པོ་དེ་ནི་གསང་སྔགས་བླ་ན་མེད་པའི་གནས་ཚད་རིམ་པ་དྲུག་གི་ནང་ནས་རིམ་པ་དང་པོ་མཐར་ཕྱིན་པའི་ཚད་གཞི་ཡིན་ཞེས་བཤད་སྲོལ་ཡོད། +
སྐྱེ་འགག་གཉིས། རྟག་ཆད་གཉིས། འགྲོ་འོང་གཉིས། གཅིག་དང་དུ་མ་གཉིས་ཏེ་བརྒྱད་དོ། +
ཀླུ་ཆེན་བརྒྱད་ཀྱིས་འཕྱེ་བའི་ལྟོ་འགྲོ་སྟེ་སྦྲུལ་བརྒྱད་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནོ། +
1. སྐྱེ་བ་མེད་པ། 2. འགག་པ་མེད་པ། 3. རྟག་པའི་མཐའ་དང་བྲལ་བ། 4. ཆད་པའི་མཐའ་དང་བྲལ་བ། 5. གང་དུ་འགྲོ་བ་མེད་པ། 6. གང་ནས་འོང་བ་མེད་པ། 7. རང་བཞིན་གྱིས་གཅིག་དང་དུ་མ་གང་རུང་དང་བྲལ་བ། 8. མཚན་མར་འཛིན་པའི་སྤྲོས་པ་དང་བྲལ་བ་རྣམས་སོ། +
རྒྱ་མཚོ་དང་ཆུ་དང་ས་གཞི་བརྟག་པ། རིན་པོ་ཆེ་བརྟག་པ། གོས་བརྟག་པ། རི་དང་ལྗོན་ཤིང་བརྟག་པ། སྐྱེས་པ་བརྟག་པ། བུད་མེད་བརྟག་པ། རྟ་བརྟག་པ། གླང་པོ་ཆེ་བརྟག་པ་རྣམས་སོ། +
སོ་སོའི་ཡུལ་ལ་མིང་བརྟགས་ཤིང་ཆགས་པ་སྟེ། 1. གཉན་ཐང་ལྷ། 2. གཡའ་སྤངས་སྐྱེས། 3. སྐྱེས་བུ་ཀླུ་བཙན། 4. བན་ཆེན་རུ་ཏྲ། 5. ཧེ་ལེ་འབར་མ། 6. ཟུར་ཕུད་ཅན། 7. རྒྱལ་པོ། 8. ཤིང་བྱ་ཅན། +
1. བདུད་ཡབ་རྗེ་ནག་པོ། 2. སྲོག་བདག་དཀར་པོ་སྙིང་འབྱིན། 3. ཡུལ་ལྷ་ཕྱ་སངས། 4. དཔལ་ལྡན་མགོན་པོ་ནག་པོ། 5. དམན་རྡོ་རྗེ་ལེགས་པ། 6. སྲིན་པོ་སྲོག་གི་བདག་པོ། 7. གནམ་ཐེའུ་དཀར་པོ། 8. མ་མོ་རེ་མ་ཏི་དང་བརྒྱད་དོ། +
དངོས་གྲུབ་བརྒྱད་དང་དོན་མཚུངས་སོ། +
སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ནས་བཤད་ཚུལ་ལ། གསང་སྔགས་བླ་མེད་ཀྱི་ལམ་བསྒོམས་ནས་བསྐྱེད་རིམ་མཐར་ཕྱིན་པ་ན་ཕྱིའི་རྟགས་མཚན་དུ་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པ་བྱུང་སྟེ། 1. རི་ལུའི་དངོས་གྲུབ། 2. མིག་སྨན་གྱི་དངོས་གྲུབ། 3. ས་འོག་གི་དངོས་གྲུབ། 4. རལ་གྲིའི་དངོས་གྲུབ། 5. རྐང་མགྱོགས་ཀྱི་དངོས་གྲུབ། 6. མི་སྣང་བའི་དངོས་གྲུབ། 7. འཆི་མེད་ཀྱི་དངོས་གྲུབ། 8. ནད་འཇོམས་ཀྱི་དངོས་གྲུབ་བཅས་བརྒྱད་ཀ་ཐོབ་པའོ། +
ཞང་པོ་དང་དེའི་བཟའ་ཟླ། +
བརྟགས་པ་གཉིས་ལས། 1. དབང་དང་། 2. མངོན་སྤྱོད་དང་། 3. དགྲའི་སྡེ་འཇིགས་པ། 4. བསྐྲད་པ། 5. བསད་པ། 6. དགུག་པ། 7. ཞི་བ། 8. རྒྱས་པ་ཡང་དག་པར་འགྲུབ་པར་འགྱུར་རོ། +
རི་ལུའི་དངོས་གྲུབ་དང་། མིག་སྨན་གྱི་དངོས་གྲུབ་དང༌། ས་འོག་གི་དངོས་གྲུབ་དང༌། རལ་གྲིའི་དངོས་གྲུབ་དང༌། ནམ་མཁར་འཕུར་བའི་དངོས་གྲུབ་དང༌། མི་སྣང་བའི་དངོས་གྲུབ་དང༌། འཆི་བ་མེད་པའི་དངོས་གྲུབ་དང་། ནད་འཇོམས་པའི་དངོས་གྲུབ་སྟེ་བརྒྱད། +